“ལི་ཆས་ཀྱི་ཉམས་སྣང་། གནའ་བོའི་སི་ཁྲོན་གྱི་ཤེས་རིག་དམིཌ་བསལ་འགྲེམས་སྟོན”ཨ་ཐེན་སི་རུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན། ཀེ་རི་སེའི་ཨ་ཐེན་སིའི་ཤིན་སི་སྨིར་ཉི་གྲོང་ཁྱེར་གྱི་རྟེན་མཛོད་ཁང་དུ“ལི་ཆས་ཀྱི་ཉམས་སྣང་། གནའ་བོའི་སི་ཁྲོན་གྱི་ཤེས་རིག་དམིཌ་བསལ་འགྲེམས་སྟོན”འགོ་ཚུགས་པ་རེད།
འགྲེམས་སྟོན་ནང་རིག་དངོས་འདྲ་བཟོས་སྤུས་དག་དང་། 3Dཔར་རྒྱག་ལག་རྩལ། ཡིག་རིས་ཟུང་འབྲེལ་གྱི་འགྲེམས་སྟོན་བཅས་བརྒྱུད། སན་ཤིན་ཏུའེ་ཡི་ཅིན་ཧྲ་གནའ་ཤུལ་གྱིས་ཚབ་མཚོན་དུ་བྱས་པའི་གནའ་བོའི་སི་ཁྲོན་གྱི་ཤེས་རིག་གསོན་ཉམས་ལྡན་པའི་ངང་མངོན་ནས་ས་གནས་དེ་གའི་དམངས་ཚོགས་མང་པོ་ཞིག་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
ཀེ་རི་སེའི་རིག་གནས་པུའི་བསྐལ་བ་ཡ་ཐོག་དང་གནའ་གཞུང་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཁང་སི་ཏན་ཏིང་ན·པེ་ཉི་ཤིས་ཀྱིས་ལྟ་སྐོར་བྱས་རྗེས། འགྲེམས་སྟོན་གྱིས་ཀྲུང་གོའི་གནའ་བོའི་ཤེས་རིག་ཁྲོད་མཚོན་བྱེད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་གནའ་བོའི་སི་ཁྲོན་གྱི་རིག་གནས་འགྲེམས་སྟོན་བྱས་པ་དེས་རིག་གཞུང་ཞིབ་འཇུག་པའི་ཞིབ་འཇུག་གི་དགའ་ཞེན་འཕེལ་བར་བྱས་པ་མ་ཟད། ད་དུང་ཀེ་ཀྲུང་རྒྱལ་ཁབ་གཉིས་པོའི་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཡང་སྔར་བས་སྐུལ་འདེད་བཏང་ཡོད་ཅེས་བཤད།
འགྲེམས་སྟོན་རིང་གཉེར་བའི“གནའ་བོའི་སི་ཁྲོན་གྱི་ཤེས་རིག་དང་གནའ་བོའི་ཀེ་རི་སེའི་ཤེས་རིག་གི་བརྗོད་དོན་གཙོ་བོའི་བགྲོ་གླེང”བྱེད་སྒོའི་ཐོག་ཀྲུང་ཕྱིའི་རིགས་གཅིས་མཁས་ཅན་དང་མཁས་དབང་གིས་ཤུལ་བཞག་སྲུང་སྐྱོང་དང་། རིན་ཐང་གསལ་བཤད། ཤེས་རིག་བསྡུར་བ་བཅས་ཀྱི་ཞིབ་འཇུག་ཐད་གྲོས་བསྡུར་བྱས་ནས་ཤེས་རིག་སྣ་མང་གི་སྤེལ་རེས་དང་མཉམ་གནས་ཐད་བློ་གྲོས་སྐྱེས་སུ་ཕུལ་ཡོད།
ད་རེས་ཀྱི་དམིགས་བསལ་འགྲེམས་སྟོན་གྱི་གྲུབ་ཆ་ཞིག་སྟེ། སི་ཁྲོན་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཀྱིས་སན་ཤིན་ཏུའེ་རྟེན་མཛོད་ཁང་དང་མཉམ་དུ་སྤེལ་བའི་རིག་གནས་ཁྱབ་སྤེལ་རྣམ་གྲངས“སན་ཤིན་ཏུའེ་ཡི་ཅིན་ཧྲ་མཚོ་དམ”གྱི་ཀེ་རི་སེའི་ས་ཚིགས་དུས་མཚུངས་སུ་འགོ་ཚུགས་པ་རེད།
ད་རེས་ཀྱི་བྱེད་སྒོ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་རེད།