དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབན་ཧྲོའུ་རྒྱལ་སྤྱིའི་བདེ་འཇགས་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-16

    ཉིན་ཤས་གོང་། “ཟིང་ཆ་དང་འགྱུར་ཤས་ཆེ་བའི་འཛམ་གླིང་ཁྲོད་ཀྱི་ཡོངས་ཁྱབ་བདེ་འཇགས་སྟེ། རྒྱལ་ཁབ་ཆེན་པོའི་འགན་འཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དབན་ཧྲོའུ་རྒྱལ་སྤྱིའི་བདེ་འཇགས་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་འགོ་ཚུགས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཅན་ཁྲའོ་བགྲོ་གླེང་ཚོགས་འདུར་ཞུགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་ཞིང་། ཁོང་གིས། མིག་སྔར་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་རྡབ་རྡེག་ཕོག་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་ལ་འགྲན་སློང་འཕྲད་ཡོད། རྒྱལ་ཁབ་ཆེན་པོས་སྣེ་ཁྲིད་ནས་རྒྱལ་སྤྱིའི་འགན་འཁྲི་བསྒྲུབས་ཐོག་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་མཐའ་འཁྱོངས་བྱས་ནས་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད། ཕྱོགས་མང་རིང་ལུགས་ལག་བསྟར་བཅས་བྱེད་དགོས། འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་མི་དམངས་ཞི་བདེ་བརྩོན་ལེན་དང་དམག་མི་ཉུང་འཕྲིའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་30ལྷག་ཙམ་ནས་ཡོང་བའི་རྒྱལ་སྤྱིའི་བདེ་འཇགས་གནད་དོན་ཐད་ཀྱི་རིགས་གཅིག་མཁས་ཅན་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།