དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་རྫོང་ཁོངས་མཐོ་འབྲིང་དཀྱུས་མའི་སྣེ་ཁྲིད་དགེ་རྒན་གྱི་ལས་གནས་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-16

    ཉེ་ཆར། སློབ་གསོ་པུའི་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་ནས། རྒྱལ་ཡོངས་ཀྱི་རྫོང་ཁོངས་མཐོ་འབྲིང་དཀྱུས་མའི་སྣེ་ཁྲིད་དགེ་རྒན་གྱི་ལས་གནས་འཆར་གཞི་ལག་བསྟར་བྱས་ཏེ་རྫོང་ཁོངས་མཐོ་འབྲིང་དཀྱུས་མའི་སློབ་གསོ་སློབ་ཁྲིད་ཀྱི་སྣེ་འདྲེན་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ནས་རྫོང་ཁོངས་མཐོ་འབྲིང་དཀྱུས་མ་དར་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། འཆར་གཞི་དེར་དུས་ཡུན་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱས་ནས། ཁག་ཐེངས་རེའི་གདན་ཞུའི་དུས་ཡུན་ལོ་3ཡིན་པ་དང་ཁག་དང་པོར་ཁྱོན་མི་600ཡོད་པ་རེད།

    བརྡ་ཐོ་གཞིར་བཟུང་། རྫོང་ཁོངས་མཐོ་འབྲིང་དཀྱུས་མའི་དགེ་རྒན་གྱི་ལས་གནས་གཏན་འཁེལ་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་བྱང་ཚད་ཕུལ་དུ་བྱུང་བ། དཔེ་ཁྲིད་མི་སྐྱོང་གི་ཆུ་ཚད་ཁྱད་དུ་འཕགས་པ། རྩ་འཛུཌ་མཐུན་སྦྱོར་གྱི་འཇོན་ཐང་འབུར་དུ་ཐོན་པ་བཅས་ཀྱི་རྫོང་ཁོངས་མཐོ་འབྲིང་དཀྱུས་མའི་ཕུལ་བྱུང་དགེ་རྒན་གྱིས་འགན་འཁུར་རྒྱུ་དང་། ཁོང་ཚོར་ལས་དོན་ཁང་འཛུགས་པ་དང་། སྤེལ་རེས་དང་འཚར་ལོངས་ཀྱི་ལས་སྟེགས་གཏོད་པ། རྫོང་ཁོངས་ཀྱི་རིག་ཚན་ཆེད་ལས་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་པ། སྒྲིག་འཛུགས་ལྡན་པའི་ཚན་རིག་ཞིབ་འཇུག་གསར་སྤེལ། སློབ་གསོའི་འདུ་ཤེས་གསར་གཏོད། སློབ་ཁྲིད་བྱེད་ཐབས་ཞིབ་འཇུག་བཅས་བྱས་ནས། རྫོང་ཁོངས་མཐོ་འབྲིང་དཀྱུས་མའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱེད་དགོས།

    སློབ་གསོ་པུའུ་ཡིས་འབྲེལ་ཡོད་ཕྱོགས་དང་མཐུན་སྦྱོར་བྱས་ནས་ལས་དོན་ཁང་ལ“དུས་མཉམ་སློབ་ཚན”གྱི་སྒྲ་བརྙན་སྒྲིག་ཆས་མཁོ་འདོན་བྱ་རྒྱུ་མ་ཟད། དབུས་ནུབ་ས་ཁུལ(བྱང་ཤར་ས་ཁུལ་ཚུད་པ)གྱི་ལས་དོན་ཁང་ལ་གྲོན་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་དང་། ཕན་འབྲས་མངོན་གསལ་དོད་པའི་ཞིང་ཆེན་ལ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་གཙོ་གནད་སྒྱུར་བཅོས་ཚོད་ལྟ་དང་། གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་གཟིགས་སྐྱོང་བྱ་རྒྱུ་མ་ཟད། སྣེ་ཁྲིད་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་ནང་ཞུགས་པའི་མཐོ་སློབ་དང་མི་སྒེར། དེ་བཞིན་སྣེ་ཁྲིད་དགེ་རྒན་མི་སྒེར་བཅས་ལ་འབྲེལ་ཡོད་ཀྱི་གཟིགས་སྐྱོང་ལྕག་སྐུལ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།