དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མིས་བཟོས་ཆུ་ལམ་ཆེན་པོའི་སྤྱི་ལེ་བརྒྱའི་རི་མོའི་བར་ཁྱམས་བཏོད་ནས་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-16

    ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་གྱིས་མིས་བཟོས་ཆུ་ལམ་ཆེན་པོའི་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན་བཅོས་སྐྱོང་། རིག་གནས་རྒྱུན་འཛིན་དང་ཐོན་ལས་རིམ་སྤོར་བཅས་ལ་སྤྱི་འདོམས་བྱས་ཏེ་རིང་ཚད་ལ་སྤྱི་ལེ་125ཟིན་པའི་མིས་བཟོས་ཆུ་ལམ་ཆེན་པོའི་སྤྱི་ལེ་བརྒྱའི་རི་མོའི་བར་ཁྱམས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། ལས་གྲྭ་དེ་ཤར་ཧོའེ་ཨན་གྲུ་ལམ་འགག་སྒོ་ནས་འགོ་ཚུགས་པ་དང་། ལི་ཧེ་མིས་བཟོས་ཆུ་ལམ་དང་ཅིང་ཧང་མིས་བཟོས་ཆུ་ལམ་བརྒྱུད་ཝུའུ་ཧོ་ཁོའུ་བར་དང་དེ་ནས་ཧོང་ཙེ་མཚོའི་རགས་ཆེན་སོགས་ཀྱི་ཆུ་རྒྱུད་བར་མཐུད་ཡོད་པ་དང་། ལས་གྲྭ་དེ་ད་དུང་ཆུ་རྒྱུད་ཀྱི་ཁྲོམ་གཞུང་དང་ཤང་དང་གྲོང་རྡལ་དུ་ཁྱབ་ཡོད། འདི་ནི་ཟོག་འདྲེན་གྲུ་གཟིངས་ཤིག་ཅིང་ཧང་མིས་བཟོས་ཆུ་ལམ་ཆེན་པོའི་ཧོའེ་ཨན་ཆུ་རྒྱུད་ནས་སྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།