ཧྥུའུ་ཅན་ཝུའུ་དབྱི་ཧྲན་གྲོང་ཁྱེར་དུ།
ལས་རིགས་སློབ་གསོས་ཇའི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།
ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཞིང་ཆེན་ཝུའུ་དབྱི་ཧྲན་གྲོང་ཁྱེར་གྱིས་ས་གནས་དེ་གའི་ཇའི་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་སློབ་གྲྭར་ཇའི་རིག་གནས་དང་ཇ་རྩལ་དྲིལ་བསྒྲགས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ས་གནས་དེ་གའི་ལས་རིགས་སློབ་གྲྭར་ཇ་རྩལ་དང་། ཇ་ལོ་ལས་སྣོན། ཇ་ཚོང་སྒྱུར་སོགས་ཀྱི་ཆེད་ལས་བཀོད་སྒྲིག་བྱས་ནས་ས་གནས་དེ་གའི་ཇའི་ཐོན་ལས་འཕེལ་རྒྱས་དང་ཇའི་རིག་གནས་ཁྱབ་སྤེལ་གཏོང་ཆེད་ལས་རིགས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་པ་རེད།
འདི་ནི་ཝུའུ་དབྱི་ཧྲན་ཡུལ་སྐོར་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཇ་རྩལ་དགེ་རྒན་གྱིས་ཇ་རྩལ་སློབ་བཞིན་པ།