དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མ་དངུལ་འཁོར་རྒྱུག་ཆ་འཕྲིན་ལས་སྟེགས་ཀྱིས་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་ངལ་ཞི་ལྷོད་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-15

    གསར་འགོད་པས་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་ཆ་འཕྲིན་ལས་སྟེགས(གཤམ་དུ་མ་དངུལ་འཁོར་རྒྱུག་ཆ་འཕྲིན་ལས་སྟེགས་ཞེས་བསྡུ་རྒྱུ)ཀྱིས་2024ལོའི་ཟླ་བཅུ་པ་ནས་ལས་གཉེར་བྱས་ཚུན། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལས་སྟེགས་སུ་ཐོག་མར་སྦྲེལ་མཐུད་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་དངུལ་ཁང་གི་བོད་ལྗོངས་ཡན་ལག་ཉིང་ལག་་སྒྲིག་གཞི་11ཚོད་ལྟའི་ནང་ཧུར་ཐག་ཞུགས་རྒྱུར་མཛུབ་ཁྲིད་བྱས་ཤིང་། ཚོད་ལྟའི་སྒྲིག་གཞིས་དྲ་སྦྲེལ་དང་། སྐད་འཕྲིན་ལས་སྟེགས། ལས་གཉེར་དྲ་ཚུགས་བཅས་ལ་བརྟེན་ནས་མ་དངུལ་འཁོར་རྒྱུག་གི་ཡིད་རྟོན་ཆ་འཕྲིན་ཐོན་རྫས་དང་། བྱེད་ནུས། འཁོར་རྒྱུག་བྱེད་སྟངས་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱ་རྒྱུ་སྒྲིག་འཛུགས་བྱས་པ་མ་ཟད། “ཁེ་ལས་ལ་བསྐྱོད”དེ་ཡིད་རྟོན་ཉམས་ཞིབ་དྲིལ་བསྒྲགས་བྱས་ཤིང་། ཁེ་ལས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་འཁེལ་གྱིས་མ་དངུལ་འཁོར་རྒྱུག་ཆ་འཕྲིན་ལས་སྟེགས་ལྗོངས་ནང་ཁུལ་དུ་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    དེ་དང་ཆབས་ཅིག་ཚོད་ལྟའི་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་དངུལ་བུན་ཐོག་མར་གཡོར་མཁན་ཡིད་རྟོན་ཚོང་ཤག་དང་། ཡིད་རྟོན་དངུལ་བུན་ལེན་པའི་དགོས་མཁོ་ཡོད་རིགས་ཀྱི་གྲལ་ཚུད་ཚོང་ཤག་སོགས་སྔོན་ལ་བདམས་ཏེ་ལས་སྟེགས་ཐོག་འོས་སྦྱོར་བྱས་ཤིང་། ཚོང་ཤག་ལ་དྲིལ་བསྒྲགས་ཁྲིད་སྟོན་མུ་མཐུད་བྱས་ཏེ་ཁེ་ལས་ཀྱིས་ལས་སྟེགས་ལ་རྒྱུས་ལོན་དང་། ལས་སྟེགས་ལ་ཁས་ལེན། ལས་སྟེགས་སྤྱོད་པ་བཅས་ཐུབ་པར་བྱས་ནས་ཚོང་ཤག་དང་། ལས་སྟེགས། དངུལ་ཁང་བཅས་ཕྱོགས་གསུམ་པོའི་འབྲེལ་བ་དང་དབང་ཆ་སྤྲོད་ལམ་བཙུགས་ཏེ་དངུལ་ཁང་དང་ཁེ་ལས་དབར་གྱི་མཉམ་ལས་གསར་པ་མངོན་འགྱུར་ཐུབ་ཡོད། མ་དངུལ་འཁོར་རྒྱུག་ཆ་འཕྲིན་ལས་སྟེགས་འཁོར་སྐྱོད་བྱས་ཚུན་ནས་2025ལོའི་ཟླ་གསུམ་པའི་བར། རིམ་རྩིས་བརྒྱབ་ན་རང་ལྗོངས་སུ་ཚོང་ཤག་180གསར་འཕར་བྱུང་བ་དང་། རིམ་རྩིས་བརྒྱབ་ན་མ་དངུལ་འཁོར་རྒྱུག་ཆ་འཕྲིན་འདྲི་རྩད་བྱེད་ཐེངས་154ཟིན་ཏེ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས(ཁེར་རྐྱང་བཟོ་ཚོང་བ་ཚུད་པ)66ལ་མ་དངུལ་འཁོར་རྒྱུག་ཆ་འཕྲིན་གྱི་ཡིད་རྟོན་ཡིག་ཚགས་བཟོས་པ་དང་། མ་དངུལ་ཐེངས་27བསྡུ་སྒྲིལ་བྱས་པར་དངུལ་གྲངས་སྒོར་དུང་ཕྱུར་4.4ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།