དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མི་རིགས་སློབ་ཆེན་དང་ཧྭ་ཝེ་དབར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-15

    ཉེ་ཆར། བོད་ལྗོངས་མི་རིགས་སློབ་ཆེན་དང་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིའི་དབར་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཤེས་ལྡན་པ་གསོ་སྐྱོང་དང་། རིག་གཞུང་ཚན་ཁག་འཛུགས་སྐྱོང་། ཚན་རིག་ཞིབ་འཇུག་དང་གསར་གཏོད། གྲངས་རིག་འཛུགས་སྐྱོང་སོགས་ཀྱི་ཕྱོགས་མང་པོ་ནས་མཉམ་ལས་གཏིང་ཟབ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་དང་། སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་རྩལ་གྱིས་མཐུན་རྐྱེན་སྦྱར་ནས། རྩེར་སོན་གྱི་གསར་གཏོད་ཤེས་ལྡན་པ་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།