དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-15

    འདི་ནི་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་ཤེས་བྱ་ཤེས་རྟོགས་བྱེད་བཞིན་པ།

    འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་མང་ཚོགས་ཀྱིས་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་ལ་ལྟ་བཞིན་པ།

    ཚེས་13ཉིན། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཤར་ཝན་ཏ་ཐང་ཆེན་དུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་དྲིལ་བསྒྲགས་བྱ་ཡུལ་དུ་གྲོང་མི་བསོད་ནམས་ཚེ་རིང་གིས་དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་དཔྱད་ཡིག་ལ་ནན་ཏན་ངང་བལྟས་རྗེས། “དམངས་དོན་ཁྲིམས་གཞུང་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་འདུག བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་འདི་འདྲ་དགོས་ངེས་ཤིག་རེད”ཅེས་མྱོང་ཚོར་ཟབ་མོ་བྱུང་བཞིན་དུ་བཤད།

    བྱེད་སྒོས་ད་དུང“ཁྲིམས་སྐྱོང་དང་རིག་རྩལ་ཟུང་འབྲེལ”གྱི་གསར་གཏོད་དྲིལ་བསྒྲགས་བྱེད་ཐབས་སྤྱད་དེ་མང་ཚོཌ་ལ་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ཤིང་། འཁྲབ་ཚན་ཐུང་ངུ་། བཞད་གཏམ། ཞབས་བྲོ་སོགས་ཀྱི་ལེ་ཚན་གྱི་འཁྲབ་སྟོན་བྱས་ནས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པས་མང་ཚོགས་ཀྱིས་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་རྒྱུས་ལོན་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།