རྒྱ་མཚོའི་རྩེར་སོན་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་བཏང་བ།
ཧྲན་ཏུང་ཞིང་ཆེན་གཡན་ཐའེ་གྲོང་ཁྱེར་གྱིས་རྒྱ་མཚོའི་རྩེར་སོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་བཏང་སྟེ། ཆུ་བོའི་སྟོད་རྒྱུད་ཀྱི་ཞིབ་སྤེལ་འཆར་འགོད་ནས་ཆུ་བོའི་དབུས་རྒྱུད་ཀྱི་འགག་རྩའི་སྒྲིག་ཆས་བཟོ་སྐྲུན་དང་སྤྱིའི་སྡེབ་སྒྲིག དེ་ནས་ཆུ་བོའི་སྨད་རྒྱུད་ཀྱི་བཀོལ་སྤྱོད་བདག་སྐྱོང་དང་འགན་སྲུང་བཅས་བར་གྱི་ཐོན་ལས་འཁོར་འབྲེལ་ལམ་རིས་ཤིག་བཏོད་པ་རེད། འདི་ནི་གཡན་ཐའེ་མཚོ་ཁོངས་སུ་རྒྱལ་ཐོན་ཆུ་གཡེང་ཐོན་སྐྱེད་ལས་སྟེགས་ཆེ་གྲས་ཤིག་གིས་འདྲུད་གྲུའི་རམ་འདེགས་འོག་ལས་ཀ་བྱེད་བཞིན་པ།