དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་སུའེ་ཙེར་གྱི་རི་ནེ་ཝར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-15

    ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་10དང་11ཉིན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་དང་། ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ་དང་ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐེ། ཚོང་དོན་འཐུས་མི་ཀེ་ལིར་བཅས་ཀྱིས་སུའེ་ཙེར་གྱི་རི་ནེ་ཝར་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་མཐོ་རིམ་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་ཟླ་1ཚེས་17ཉིན་ཀྲུང་ཨའི་གཙོ་བདག་གི་ཞལ་པར་ནང་ངོས་འཛིན་གཅིག་མཐུན་བྱུང་བའི་གལ་ཆེན་ནང་དོན་དོན་འཁྱོལ་ལ་དམིགས་ནས་ཁ་ཞེ་གཉིས་མེད་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཀྱི་འབྲེལ་གཏུག་བྱས་པས། ངོས་འཛིན་གཅིག་མཐུན་གལ་ཆེན་རབ་དང་རིམ་པ་བྱུང་བ་དང་གྲོས་མོལ་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

    ཧོ་ལི་ཧྥུང་གིས་གསུངས་དོན། ཀྲུང་གོ་དང་ཨ་རིར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱ་ཆེ་བའི་མཉམ་ལས་བར་མཐོངས་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན། འཕེལ་རྒྱས་དུས་མཚམས་དང་དཔལ་འབྱོར་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས་ཀྲུང་ཨ་ཕྱོགས་གཉིས་ལ་དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་འགལ་བ་དང་མི་མཐུན་པ་བྱུང་བ་ནི་རྒྱུན་གཏན་ཞིག་ཡིན་པས། འགག་རྩ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ངོས་འཛིན་གཅིག་མཐུན་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་ལ་གཞིགས་ནས་འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པའི་ཐབས་ཤེས་འཚོལ་རྒྱུ་དེ་རེད། ཕྱོགས་གཉིས་པོས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མཉམ་ལས་ཀྱི་གསལ་ཐོ་ཞིབ་ཚགས་སུ་གཏོང་བ། མཉམ་ལས་ཀྱི་ཁེ་ཕན་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས། འཛམ་གླིང་དཔལ་འབྱོར་ལ་གཏན་འཁེལ་རང་བཞིན་དང་བརྟན་ལྷིང་རང་བཞིན་དེ་བས་མང་བ་སྣོན་དགོས།

    ཀྲུང་ཨ་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་བཙུགས་ནས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།