དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་དྲང་ནུས་དེ་བས་མང་བ་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཤེར་ཀེ·ས་ན་ཁོ་ཡེ་ཧྥུའུ།   |     སྤེལ་དུས།  2025-05-15

    འདི་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། སུའུ་ལེན་དང་ཀྲུང་གོས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ། བློས་གཏོང་ཆེན་པོ་བྱས་པས། དྲང་བདེན་སྡུག་རྩུབ་ལས་རྒྱལ་བའི་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པ་དང་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    ལོ་80ཡི་ལོ་ཟླ་རིམ་བཞིན་འདས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་སྔ་ས་ནས་མཇུག་འགྲིལ་ཡང་། འཛམ་གླིང་གི་ཞི་བདེ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པར་སྔར་བཞིན་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། ལོ་རྒྱུས་བརྗེད་པ་ནི་རྒྱབ་གཏོད་བྱེད་པ་མཚོན་པ་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་རྒྱུ་ནི་འབྱུང་འགྱུར་དེ་བས་ལེགས་པའི་སྒོ་ནས་གཏོད་ཆེད་ཡིན། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱས་ན། ད་གཟོད་མེས་པོ་རྣམས་ཀྱི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་སྟོང་ཟད་དུ་མི་འགྲོ་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་དངོས་སུ་སྲུང་སྐྱོང་དང་སྐུལ་འདེད་གཏོང་ཐུབ།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱིས་འཛམ་གླིང་ཡུན་རིང་ཞི་བདེ་དང་བརྟན་ལྷིང་དར་རྒྱས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་ཁུར་མཁན་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་འཐུས་སྒོ་ཚང་དུ་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་འདིས་ཨུ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་གཏོང་བར་བར་མཐོངས་གསར་པ་གཏོད་རྒྱུ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་བར་དྲང་ནུས་དེ་བས་མང་བ་སྣོན་ངེས་རེད།

    (རྩོམ་པ་པོ་ནི་ཨུ་རུ་སུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།