དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོར་རང་རྒྱལ་གྱི་ཡུལ་སྐོར་མཚོ་གྲུས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་32.8ཟིན་ནས་ཡུལ་སྐོར་མཚོ་གྲུའི་དཔལ་འབྱོར་མགྱོགས་མྱུར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-14

    “ལྔ་གཅིག”ངལ་གསོའི་རིང་། ཐེན་ཅིན་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མའི་མཚོ་ལམ་ཕྱོགས་ཡོངས་ནས་སླར་ཡང་ཤར་གཏོང་ཐུབ་ཚུན་ཐོག་མར“གྲུ་གཟིངས་གསུམ་དུས་གཅིག་ཏུ་འཇོག་ཐུབ་པའི”རྣམ་པ་བཟང་པོ་མངོན་ཡོད། ཧྲང་ཧའེ་ཝུའུ་སུང་གྲུ་ཁའི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁས་ལས་གཉེར་བྱེད་པའི་ཡུལ་སྐོར་མཚོ་གྲུ་4ཡི་གཏོང་ཐེངས་སོ་སོའི་གྲུ་གཟིངས་ཉལ་ཁང་གི་སྤ་སེ་ཚང་མ་བཙོངས་ཟིན་པ་དང་། ཀོང་ཏུང་ཧྲེན་ཀྲེན་ཧྲེ་ཁོའུ་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མར་འགྲུལ་པ་ཕྱིར་སྐྱོད་མཁན་མང་ཤོས་སུ་སླེབས་པ་སོགས་རང་རྒྱལ་གྱི་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་ཏེ་ཕྱོགས་ཡོངས་ནས་གུ་ཡངས་སུ་བཏང་བ་དེས“ཡུལ་སྐོར་མཚོ་གྲུར་བསྡད་དེ་ཀྲུང་གོར་ཡོང་མཁན”ཇེ་མང་དུ་གྱུར་ཞིང་། གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་སྐྱེལ་འདྲེན་ཁྲོམ་རར་ཡུལ་སྐོར་མཚོ་གྲུ་16ཡིས་གྲུ་གཏོང་ཐེངས་141དང་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་32.8ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་67.8%འཕར་བའི་ནང་། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་ཉིན་40རིང་། ཡུལ་སྐོར་མཚོ་གྲུས་འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་17.2ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་145.6%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།