དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེགས་ལ་ཐོ་འགོད་བྱེད་མཁན་དུང་ཕྱུར་1.64ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-14

    གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་རིག་ལྡན་སློབ་གསོའི་ལས་སྟེགས་ལ་ཐོ་འགོད་བྱེད་མཁན་དུང་ཕྱུར་1.64ལྷག་ཙམ་ཟིན་པ་དང་། ལྟ་བཤེར་བྱེད་གྲངས་དུང་ཕྱུར་613ཟིན་པ། བེད་སྤྱོད་བྱེད་མཁན་རྒྱལ་ཁབ་དང་ས་ཁུལ་220ལྷག་ཙམ་ལ་ཁྱབ་པས་འཛམ་གླིང་གི་སློབ་གསོའི་ཐོན་ཁུངས་གྲངས་གཞི་ཅན་གྱི་ལྟེ་བ་དང་ལས་སྟེགས་ཆེ་ཤོས་སུ་གྱུར་ནས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སློབ་གསོ་ཆ་འཕྲིན་ཅན་གྱི་བྱ་དགའ་ཐོབ་ཡོད།

    ཉེ་ཆར། སློབ་གསོ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2025ལོའི་འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། 2025ལོའི་འཛམ་གླིང་གྲངས་འཛིན་སློབ་གསོའི་ཚོགས་ཆེན་དེ་ཟླ་5ཚེས་14ནས་ཚེས་16ཉིན་བར་ཧུའུ་པེའི་ཝུའུ་ཧན་དུ་འཚོག་རྒྱུ་ཡིན་ཞིང་། འགོ་ཚུགས་མཛད་སྒོ་དང་། ཚང་འཛོམས་གྲོས་ཚོགས། མཉམ་བགྲོད་ཚོགས་འདུ། མཇུག་སྒྲིལ་མཛད་སྒོ་བཅས་དོན་ཚན་ཁག་4ཡོད། ཚོགས་འདུ་མ་འཚོགས་གོང་སློབ་གྲྭར་ལྟ་སྐོར་འཚམས་འདྲིའི་བྱེད་སྒོ་བཀོད་སྒྲིག་བྱ་རྒྱུ་མ་ཟད། དེ་དང་དུས་མཚུངས་སུ་གོ་ལ་ཧྲིལ་པོའི་སློབ་གསོ་གྲངས་འཛིན་ཅན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱི་དབྱིངས་ཞུགས་རྣམ་པའི་འགྲེམས་སྟོན་གྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་གྱིས“སློབ་གསོའི་འཕེལ་རྒྱས་དང་སྒྱུར་བཅོས། རིག་ལྡན་དུས་རབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། སློབ་གསོ་གྲངས་འཛིན་ཅན་གྱི་གྲུབ་འབྲས་ཁག་ལྔ་ཁྱབ་བསྒྲགས་བྱ་རྒྱུ་སྟེ། གཅིག་ནི《ཀྲུང་གོའི་རིག་ལྡན་སློབ་གསོའི་རྒྱབ་ཤ་དཀར་པོའི་དེབ》བཀྲམ་ཏེ“རྒྱལ་ཁབ་ཀྱི་སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་བྱ་སྤྱོད་2.0”སྤེལ་རྒྱུ་དང་། གཉིས་ནི《རྒྱལ་སྤྱིའི་གྲངས་འཛིན་སློབ་གསོའི་ཚད་གཞིའི་མ་ལག་སྒྲོམ་གཞི་འཛུགས་རྒྱུའི་སྐོར་གྱི་གྲོས་འགོ》དང《སློབ་གསོའི་དཔེ་དབྱིབས་ཆེ་མོ། དཔྱད་གཞིར་འཛིན་པའི་སྒྲོམ་གཞིའི་སྤྱི་ཁོག》གི་མནའ་འབྲེལ་ཚད་གཞི་ཁྱབ་བསྒྲགས་བྱ་རྒྱུ། གསུམ་ནི་2025ལོའི་གོ་ལ་ཧྲིལ་པོའི་སློབ་གསོའི་འཕེལ་རྒྱས་སྟོན་གྲངས་ཁྱབ་བསྒྲགས་བྱ་རྒྱུ། བཞི་ནི་གྲངས་འཛིན་སློབ་གསོའི་ཞིབ་འཇུག་ཐད་ཀྱི་གོ་ལ་ཧྲིལ་པོའི་གླེང་མང་བའི་གནད་དོན་ཆེན་པོ་བཅུ་ཁྱབ་བསྒྲགས་བྱ་རྒྱུ། ལྔ་ནི《གྲངས་འཛིན་སློབ་གསོའི་མཉམ་ལས་ཀྱི་ཝུའུ་ཧན་གྲོས་འགོ》ཁྱབ་བསྒྲགས་བྱ་རྒྱུ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།