དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་ངོགས་གཉིས་ཀྱི་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཧྲང་ཧའེ་རུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-14

    “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ངོགས་གཉིས་ཀྱི་སྤུན་ཟླ་ཚོའི་བདེ་རྩ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་ངོགས་གཉིས་ཀྱི་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཚེས་10ཉིན་ཧྲང་ཧའེ་རུ་འགོ་ཚུགས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཐའེ་དབན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཆིའུ་ཁའེ་མིང་གིས་བགྲོ་གླེང་ཚོགས་འདུའི་ཐོག་ཤིས་ཚིག་བསྒྲོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་དེང་རབས་ཅན་ཞིག་ཡིན་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ནི་དེའི་ནང་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ཁེ་ཕན་ཐོབ་མཁན་བཅས་ཡིན་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བློ་སེམས་གཅིག་མཐུན་གྱིས་ཐུན་མོང་ཐོག་གཏོད་དགོས་ངེས་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ང་ཚོར་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འདིང་ཤུགས་དང་། ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བདེ་རྩ་འགན་སྲུང་བྱེད་པའི་ཆ་རྐྱེན་ལྡན་པ། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་ལྐོག་གཡོ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ཕམ་ཉེས་གཏོང་བའི་ནུས་པ་ཡོད་པ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་གྲུབ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་གདེང་ཚོད་ཡོད། སྤུན་ཟླ་ཐའེ་དབན་བས་ཐའེ་དབན་གྱི་མདུན་ལམ་དང་རང་ངོས་ཀྱི་ཁེ་ཕན་གནས་ས་གསལ་པོར་མཐོང་བ་དང་། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། མི་རིགས་ཀྱི་བདེན་དོན་བརྟན་བཟུང་བཅས་བྱས་ཏེ། སྐམ་ས་ཆེན་པོའི་སྤུན་ཟླ་དང་ལག་གདང་སྦྲེལ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ངོགས་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས། སྐམ་ས་ཆེན་པོའི་དཔལ་འབྱོར་རྨང་གཞི་བརྟན་པ་དང་། མཉེན་ཆ་ཆེ་བ། མི་མངོན་པའི་ནུས་པ་ཆེ་བ། དགེ་མཚན་མང་བ། ཡུན་རིང་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་བཅས་ལྡན་ལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་དང་འདིང་ཤུགས་དངོས་ཡོད་པས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་ངེས་རེད། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པས་མི་རིགས་བསྐྱར་དར་དང་རྒྱལ་ཁབ་གཅིག་གྱུར་ཡོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།