དབུ་ཤོག
  • གནས་ཚུལ་འདི་རིགས་ཐེར་འདོན་བྱས་ན། བྱ་དགའ་མང་ཤོས་ལ་སྒོར་ཁྲི་5འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2025-05-14

    ཉིན་ཤས་གོང་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱི་དམངས་ཀྱིས་བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་ཧུར་ཐག་བྱ་རྒྱུར་ལྕག་སྐུལ་བྱས་ནས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་ཚང་མས་མཉམ་དུ་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་རིགས་ལ་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད། བྱ་དགའི་དངུལ་གྲངས་དེ་དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་གྲངས་ཀྱི་5%སྤྲོད་རྒྱུ་ཡིན་པ་དང་། སྒོར་200མ་ཟིན་ཚེ་བྱ་དགའ་སྒོར་200སྤྲོད་རྒྱུ་དང་གྱོད་དཔེ་གཅིག་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི་5ལས་བརྒལ་ཆོག་གི་མེད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་3པར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་པར་བྱ་དགའ་སྤྲོད་པའི་སྐོར་གྱི་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་སྟེ། བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བདག་སྤྲོད་དང་ཐེར་འདོན་བྱེད་སྟངས་དང་། ཐེར་འདོན་བྱེད་མཁན་གྱི་ཁེ་དབང་དང་འོས་འགན། བྱ་དགའ་སྤྲོད་པའི་ཁྱབ་ཁོངས་དང་ཆ་རྐྱེན། བྱ་དགའ་སྤྲོད་པའི་རྩ་དོན་དང་ཚད་གཞི། བྱ་དགའ་སྤྲོད་པའི་གོ་རིམ། ལྟ་སྐུལ་དོ་དམ་བྱེད་སྟངས་སོགས་གཏན་འབེབས་བྱས་ཡོད། 

    གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་མཐུན་སྦྱོར་ཁོའོ་ཡི་འགན་འཁུར་བས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་ནང་ཧུར་ཐག་ཞུགས་ནས་བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ། སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་12345དང་12315ལས་སྟེགས་སོགས་བརྒྱུད་འཕྲལ་དུ་ཐེར་འདོན་བྱས་ནས་ཚང་མས་མཉམ་དུ་བཅོས་སྒྲིག་བྱེད་པའི་ནུས་པ་སྔར་བས་བཏོན་ཏེ། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚོད་འཛིན་དང་ཉུང་དུ་ནུས་ལྡན་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།