དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་གཏོད་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    ཨོ་དབྱང་ཡུས་ཅིང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-14

    ཀྲུང་གོ་དང་མ་ལེ་ཞི་ཡ་ནི་ལོ་ངོ་སྟོང་གི་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་ཡག་པོ་དང་། སེམས་གཏད་ཀྱི་གྲོགས་པོ། མཉམ་ལས་གཉིས་ཕན་གྱི་རོཌ་ཟླ་བཅས་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། 1974ལོར། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཚུན། ཀྲུང་མ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་མཉམ་གནས་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་བཏོད་ཡོད། ལོ་12ཀྱི་རྗེས་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སླར་ཡང་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་དེས“རྫོགས་ལྡན་དུས་སྐབས”ཀྱི་ཀྲུང་མའི་འབྲེལ་བའི་ལེའུ་གསར་པ་ཞིག་གཏོད་རྒྱུ་རེད།

    གཙོ་བདག་ཕྱི་འབྲེལ་གྱིས་ཀྲུང་མའི་འབྲེལ་བར་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད། 2013ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་རིང་། ཀྲུང་མའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད། 2023ལོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་རྣམ་གཉིས་ཀྱིས་ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་འཛུགས་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ནས་དུས་སྐབས་གསར་པའི་ཀྲུང་མའི་འབྲེལ་བ་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད། 2024ལོར། ཀྲུང་མས་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་གཙོ་བདག་མཐོ་ཤོས་དབྱི་ཕུའུ་ལཱ་ཤིན་དང་གྲོས་མོལ་གནང་བ་དང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་ཕྱོགས་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་རེད།

    དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཀྲུང་མའི་འབྲེལ་བར་སྒུལ་ཤུགས་བསྣན་ཞིང་། 2024ལོར། ཀྲུང་མ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་2120.4ཟིན་པ་དེ་དུས་མཚུངས་ལས་11.4%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། ཀྲུང་གོ་ནི་ལོ་16བསྟུད་མར་མ་ལེ་ཞི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ་དང་ལོ་མང་བསྟུད་མར་མ་ལེ་ཞི་ཡའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གཙོ་བོ་དེ་རེད། མ་ལེ་ཞི་ཡ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དང་ནང་འདྲེན་ཡོང་ཁུངས་རྒྱལ་ཁབ་ཆེ་གྲས་ཨང་དང་པོ་དེ་རེད།

    རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་འགྲོ་འོང་བྱེད་པ་དེས་ཀྲུང་མའི་འབྲེལ་བར་གསོན་ཤུགས་གསར་པ་བསྣན་ཞིང་། 2024ལོར། ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་ཀྲུང་གོའི་སྤྱི་དམངས་མ་ལེ་ཞི་ཡར་སྐྱོད་མཁན་མི་ཐེངས་ཁྲི་380ཙམ་ཟིན་པ་དེ་2023ལོའི་ལྡབ་གཉིས་ལྷག་ཙམ་ཡིན་པ་དང་ཀྲུང་གོ་འདི་ཉིད་མ་ལེ་ཞི་ཡའི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།

    འདི་ལོ་ནི་མ་ལེ་ཞི་ཡས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་རེད། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་བརྩམས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཏེ་ས་ཁུལ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་པོས་རང་སོ་སོའི་དེང་རབས་ཅན་གྱི་རྒྱང་ལམ་ཐོག་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྣེ་ཁྲིད་ཐུབ་རྒྱུ་དང་། ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་གཏོད་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་མའི་འབྲེལ་བ་དེ་བས་མཛེས་སྡུག་ལྡན་པར་གྱུར་ངེས་ཡིན་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།