མི་སེམས་དྲོ་བའི་དམངས་སྲིད། བདེ་སྐྱིད་འཚོ་བའི་རྨང་གཞི།
———— ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཏང་ཙུའུ་ཡིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བས། དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྐུལ་འདེད་བཏང་བ་རེད།
ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས།
དམངས་སྲིད་ལས་ཁུངས་ཀྱི་ཆབ་སྲིད་ཀྱི་འདུ་ཤེས་དེ་བས་ཟབ་ཏུ་བཏང་བ།
ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཏང་ཙུའུ་ཡིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང“གྲོས་དོན་ཨང་དང་པོའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཡོད། མིག་སྔའི་བར། “དམངས་སྲིད་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་། ཏང་གི་བཀའ་དྲིན་སེམས་ལ་བརྟན་པོར་བཅངས”ཞེས་པའི་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་ཐེངས་180ལྷག་ཙམ་སྤེལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་པ་རེད།
ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ལས་ཀའི་བསམ་ཕྱོགས་ཆ་ལག་ཚང་པོས་འཆར་འགོད་བྱས་ནས། དམངས་སྲིད་ལས་དོན་གྱི་འགན་འཁྲི་ལག་བསྟར་བྱས་ཏེ“རྒན་གཅིག་གཞོན་གཅིག”དང་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་སྣ་ཚོགས་ལ་ཞབས་འདེགས་དང་འགན་སྲུང་སོགས་ཀྱི་ཐད་ལས་ཁུངས་ཏང་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་བཏོན་ནས་གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དམངས་སྲིད་ཁྱབ་ཁོངས་སུ་རྩ་བ་ཚུགས་ཐུབ་པའི་འགན་ལེན་བྱས་པ་རེད།
ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་བྱེད་པའི་ཐད་ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་ངང་ལག་བསྟར་བྱས་ཏེ་གནད་དོན་གལ་ཆེན་དགོངས་སྐོར་སྙན་སེང་དང“གལ་ཆེན་གསུམ་དང་མ་དངུལ་འཕོན་ཆེན་བེད་སྤྱོད”ཀྱི་ལས་ཀའི་གྲོས་རིམ་ཐབས་ཇུས་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། དམངས་གཙོའི་ཇུས་ཐག་གཅོད་པ་དང་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་སྐུལ་འདེད་བཏང་ཡོད། ལས་བྱེད་པའི་སློབ་གསོའི་ལྟ་འདོམས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ“རྣམ་བཤད་སློབ་སྦྱོང་དང་། སྒྲིག་ཁྲིམས་མཐོང་བ། སྤྱོད་གཙང་བྱ་སྤྱོད”བཅས་ཀྱི་བྱེད་སྒོ་རྒྱུན་གཏན་ནས་སྤེལ་བས་ལས་ཁུངས་ཀྱི་ལས་བྱེད་པའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་ལས་སྒྲུབ་དང་ལས་གཏོད་ཀྱི་སྙིང་སྟོབས་རྒྱུན་མཐུད་འཕེལ་བ་རེད།
མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས།
གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་ཞབས་ འདེགས་ཞུ་བའི་ལས་དོན་དེ་བས་ནུས་ལྡན་བྱུང་བ།
ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ལས་གནས་ལ་གཞིས་ཚུགས་ནས་ལེགས་སྐྱེས་ཕུལ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་མངོན་པར་བྱས་ཡོད། མིག་སྔའི་བར། མ་མཐའི་འགན་སྲུང་དངུལ་དང་། དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་བསྙེན་བཀུར་དངུལ། གནས་སྐབས་རོགས་སྐྱོབ་དངུལ་བཅས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་3030སྤྲད་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱ་སྤྱོད་ལག་བསྟར་བྱས་ནས་ནད་ཆེན་ཕོག་པ་དང་དབང་པོ་སྐྱོན་ཅན་བྱིས་པ་33ལ་རོགས་སྐྱོབ་བྱས་པ་རེད།
ཉིང་ཁྲིའི་སྔོན་སྤེལ་ཉམས་མྱོང་འཚོལ་ཞིབ་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་ལེགས་སུ་གཏོང་བའི་བྱ་སྤྱོད་རྣམ་གྲངས་ནང་བདམས་པའི་གོ་སྐབས་དམ་འཛིན་བྱས་ཏེ་མ་དངུལ་སྒོར་ཁྲི་1591བཏང་ནས་རྒན་གསོའི་ས་ཚིགས་3དང་གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་28བསྐྲུན་པ་དང་། རྒན་རྒོན་གྱི་ཟ་ཁང་21བཙུགས་པ། ཁྱིམ་སྡོད་རྒན་གསོའི་རྒན་རྒོན་མི་ཐེངས་5547ལ་ཞབས་འདེགས་ཞུས་པ་བཅས་རེད། “དངོས་པོ+ཞབས་ཞུ+N”སྤྱི་ཚོགས་རོགས་སྐྱོབ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དཀའ་ངལ་ཡོད་ལ་ལས་ཞུགས་མེད་པའི་ཁྱིམ་ཚང་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་123ལ་རྩལ་ནུས་གསོ་སྦྱོང་དང་། རོགས་རེས་ཐ་སྐྱོང་ལས་གནས་531གསར་སྤེལ། འཁྱམ་པོ་དང་སློང་མོ་བ་125ལ་རོགས་སྐྱོབ་བཅས་བྱས་ཏེ། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི“རྒན་གསོ”དང“རོགས་སྐྱོབ”ཐད་ཉིང་ཁྲིའི་ཇུས་གཞི་མཁོ་འདོན་བྱས་པ་རེད།
སྤྱི་ཚོགས་ཞབས་ཞུ་རྒྱ་སྐྱེད་དང་རིམ་སྤོར་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་གྲོང་གསེབ་ཏུ་གཉེན་སྒྲིག་ཐོ་འགོད་ཀྱི་བྱེད་སྒོ་སྤེལ་ཏེ། དུས་ཆེན་དང་གུང་གསེང་གལ་ཆེན་རིང་ཐོ་འགོད་བྱེད་མཚམས་མི་འཇོག་པར་ཡང་དག་པའི་གཉེན་སྒྲིག་དང་བརྩེ་དུང་གི་ལྟ་བ་དང་ཁྱིམ་ཚང་གི་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཡོད། བསམ་པའི་འཕྲོད་བསྟེན་བྱ་གཞག་ལ་སྐུལ་འདེད་བརྟན་པོ་བཏང་སྟེ། “ལྟེ་བ་2དང་། ཁུལ་ཁོངས་6 ཁྱད་ལྡན་ཚན་ཁག་10བཅས་ཟུང་དུ་འབྲེལ་བའི”ཞབས་ཞུའི་མ་ལག་གྲུབ་པར་བྱས་ནས་བསམ་པའི་འཕྲོད་བསྟེན་གྱི་ནད་བརྟག་སྨན་བཅོས་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། ཉིང་ཁྲི་གྲོང་ཁྱེར་དུ་ཞུགས་འབུལ་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ། ས་ཆ་གྲོན་ཆུང་དང་འབྱུང་འཕྲོད་ཀྱི་དུར་འཇུག་བྱེད་པར་སྐུལ་འདེད་དང་ཡུལ་སྲོལ་བསྒྱུར་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།
གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ།
གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ་བས་ཚད་ལྡན་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་སྔ་རྗེས་སུ་ཏང་ཙུའི་ཚོགས་འདུ་ཐེངས་5འཚོགས་ནས་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཉན་པ་དང་། དོན་དངོས་གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་པ། ཏང་ཀྲི་པུའི་ལྟ་སྦྱོང་སྤེལ་རེས་བྱེད་སྒོ་ཐེངས་4སྒྲིག་འཛུགས་བྱས་པ། ཏང་འཛུགས་སྐྱོང་གིས་སྤྱི་ཚོགས་རྩ་འཛུགས་ལ་ཁྲིད་སྟོན་བྱས་ནས་ཐོན་ཁུངས་རང་བཞིན་གྱི་ནུས་པ་བཏོན་པར་ཤུགས་བརྒྱབ་སྟེ། གཞིས་ལུས་དང་ཕྱོགས་མིའི་བྱིས་པ་སོགས་ཀྱི་དཀའ་གནད་ལ་སེམས་ཁུར་དང་གཅེས་སྐྱོང་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་མཛུབ་ཁྲིད་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་སྟོབས་ཆེར་བཏང་སྟེ། ཏང་འཛུགས་སྐྱོང་དང་ཏང་གི་ལས་དོན་དབར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ་དང་ཏང་ཀྲི་པུའི་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་རིགས་དབྱེ་ནས་མཛུབ་ཁྲིད་བྱས་ཏེ། ཕྱི་ཚུལ་ལ་མཐོང་ཆེན་དང་དོན་དངོས་ལ་སྣང་ཆུང་བྱེད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། ཏང་འཛུགས་སྐྱོང་མཉམ་སྐྲུན་བྱེད་ཚད་ཟབ་ཏུ་བཏང་སྟེ། གྲོང་ཚོ(སྡེ་ཁུལ)8དང་སྤྱི་ཚོགས་རྩ་འཛུགས་36དང་ཆ་བསྒྲིགས་ནས་དཔུང་ཁག་མཉམ་གཏོད་དང་བྱེད་སྒོ་མཉམ་གཉེར་གྱི་ལས་སྟེགས་བསྐྲུན་ཡོད།
ཏང་ཡོན་གྱི་གདོང་ལེན་ནུས་པ་བཏོན་ཞིང་། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཕུལ་བྱུང་ལས་བྱེད་པར་ཏང་དོན་ལས་དོན་བཀོད་སྒྲིག་བྱེད་པར་མཐོང་ཆེན་བྱས་ཏེ། “ཕྱོགས་གཉིས་ནས་གསོ་སྐྱོང”ལ་སྐུལ་འདེད་བཏང་བ་དང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དུ“འབྱོར་ཐོ་གཉིས་འགོད་པར”མུ་མཐུད་སྐུལ་འདེད་བཏང་ཡོད། མིག་སྔའི་བར། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཡོན་125སྒྲིག་འཛུགས་བྱས་ནས་སྡེ་ཁུལ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་ཞུགས་པ་དང་། སྤྱི་ཕན་དགེ་སྒྲུབ་དང་། འགལ་ཟླ་འདུམ་འགྲིག སེམས་ཁམས་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་ནས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁག་13ཐག་གཅོད་བྱས་པ་རེད།