དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཤིང་འཛུགས་ནགས་བཟོ་བྱས་ནས་ས་གཞི་སྔོ་ལྗང་ཅན་ལ་འགྱུར་བར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    འདི་ནི་གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཏང་ཀྲི་པུས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཏང་ཀྲི་པུས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བཞིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཏང་ཀྲི་པུས་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ས་གཞི་སྔོ་ལྗང་ཅན་དུ་འགྱུར་བར་བྱས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་བསྟར་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱས་ཡོད།

    ཤིང་འཛུགས་བྱ་ཡུལ་དུ་ཏང་ཡོན་རྣམས་ཀྱིས་སྡོང་ཕྲུག་དབོར་ནས་འཛུགས་པ་དང་། དོང་ཁུང་འདྲུ་བ། སྡོང་ཕྲུག་སྐྱོར་ནས་ས་རྒྱོང་བ་བཅས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། ཚང་མས་འབད་བརྩོན་བྱས་པ་བརྒྱུད་སྡོང་ཕྲུག་50ལྷག་ཙམ་བཙུགས་ཏེ། ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་སྔོ་ལྗང་གིས་བརྒྱན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།