དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་གནོན་ཡན་ལག་ཀུང་སིའི།

    གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གིས་ཆེད་དོན་དམིགས་བསལ་གྱི་སྐོར་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་གནོན་ཡན་ལག་ཀུང་སི་ལྷ་ས་གློག་སྒྱུར་ས་ཚིགས་སུ་གུང་ཁྲན་ཏང་ཡོན་ཞབས་ཞུའི་རུ་ཁག་གི་རུ་མིས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། ±400kVལྷ་ས་གློག་སྒྱུར་ས་ཚིགས་ཀྱི་སྒྲིག་ཆས་བདེ་འཇགས་དང་བརྟན་པོའི་ངང་འཁོར་རྒྱུག་ཡོང་བར་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་གནོན་ཡན་ལག་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གིས་ཆེད་དོན་དམིགས་བསལ་གྱི་སྐོར་ཞིབ་བྱས་ཤིང་། དེའི་དམིགས་ཡུལ་ནི་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ནས་གློག་དྲའི་བདེ་འཇགས་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་ཆེད་རེད།

    དེའི་རིང་ལྷ་ས་གློག་སྒྱུར་ས་ཚིགས་སུ་སྟོད་གོས་དམར་པོ་གྱོན་པའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་སྒྲིག་ཆས་ཁུལ་དང་། ཚོད་འཛིན་ཁང་། མེ་ཟོན་སྒྲིག་བཀོད་བཅས་ཀྱི་མཐའ་འཁོར་དུ་ལས་ལ་བྲེལ་ནས་ས་ཚིགས་ཡོངས་ཀྱི་སྒྲིག་ཆས་ལ་གྲལ་བཤེར་ཞིབ་ཚགས་བྱས་ཡོད། ཉེ་དུས་ཀྱི་བོད་ལྗོངས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་དམིགས་ནས། གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་ཕྱི་རོལ་སྒྲིག་ཆས་ཀྱི་བརླན་འགོག་ཚ་སྣོན་སྒྲིག་ཆས་དང་དྲོད་སྙོམས་མ་ལག་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དམིགས་བསལ་གནམ་གཤིས་འོག་སྒྲིག་ཆས་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱས་ཡོད། གཞན་ཡང་། གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་དང་ས་ཚིགས་སུ་བཅའ་སྡོད་མེ་ཟོན་རུ་ཁག་གིས་མཉམ་ལས་དམ་ཟབ་བྱས་ཏེ། མེ་གསོད་ཆུའི་མ་ལག་དང་། ལྦུ་སོབ་མེ་གསོད་མ་ལག མེ་སྐྱོན་ཉེན་གཏོང་སྒྲིག་ཆས་སོགས་འགག་རྩའི་མེ་ཟོན་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཚད་ལེན་ཚོད་ལྟ་བྱས་ནས་མེ་ཟོན་ཡོ་བྱད་དུས་དང་རྣམ་པ་ཀུན་ཏུ་ཡག་པོ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།

    ཆེད་དོན་དམིགས་བསལ་གྱི་སྐོར་ཞིབ་བྱེད་རིང་། གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་ལས་གནས་བརྟན་སྲུང་བྱས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་དག་ཐེར་གྱི་གདུབ་ཟུམ་དོ་དམ་ལག་བསྟར་བྱས་ནས་ཁུག་ཆ་མི་ལུས་པ་དང་མངོན་མེད་རྐྱེན་ངན་མེད་པའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།