དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རེན་ཝེ་2025ལོའི“5·12”རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-14

    རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ་ཐེངས་17པའི་དྲིལ་བསྒྲགས་ལས་དོན་ལེགས་པར་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། གནོད་འཚེ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་ཆེད། ཚེས་12ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཨུ་ལྷན་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་ཤར་འདབས་ཀྱི་ཝན་ཏ་ཐང་ཆེན་དུ“མི་ཚང་མས་བདེ་འཇགས་ལ་དོ་སྣང་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཐབས་ཤེས་པ——ཉེ་འཁོར་གྱི་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་བྱེད་སྒོར་ཞུགས་པ་རེད།

    རེན་ཝེ་ཡིས་གསུངས་དོན། བོད་དུ་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་ཉེན་ཁ་རྟོགས་པ་དང་། ཉེན་ཁར་གྲལ་བཤེར། ཉེན་ཁ་གཡོལ་བ་བཅས་ཀྱི་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ཉིན་མོ”གོ་སྐབས་སུ་བརྩིས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་མང་ཚོགས་ཐད་ཀར་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་དང་། ཉམས་ལེན་དང་བཀོལ་སྤྱོད་ཀྱི་ཁྲོད་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དེ་བཞིན་གེགས་སྐྱོབ་ཀྱི་ཤེས་བྱ་སློབ་སྦྱོང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཉེ་འཁོར་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ནུས་པ་ཆེར་གཏོང་། མྱུར་སྐྱོབ་རང་སྐྱོབ་དང་སྐྱོབ་རེས་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་བཅས་བྱས་ཏེ“གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ནང་མི་ཚང་མ་ཞུགས་པའི”རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།