ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་སྲོལ་སྒྱུར་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ།
ད་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས“ཤེས་དཔལ་ཡར་ཐོན་གྱི་སྤྱོད་ཚུལ་གསར་པ་གསོ་སྐྱོང་བྱས་ཏེ་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད”བརྗོད་དོན་གཙོ་བོར་བྱས་ཏེ། ཡུལ་སྲོལ་སྒྱུར་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཐེངས་1295བྱས་པ་དེ་མང་ཚོགས་མི་ཐེངས་ཁྲི་15.3ལྷག་ཙམ་ལ་ཁྱབ་པ་དང་། བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་ཐེངས་1717སྒྲིག་འཛུགས་བྱས་པར་མང་ཚོགས་མི་ཐེངས་ཁྲི་16.4ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
དྲིལ་བསྒྲགས་སློབ་གསོའི་ཐད་གྲོང་ཁྱེར་ཡོངས་ཀྱིས་རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་ཚོགས་པ་13བཙུགས་ནས་ཀུན་སྤྱོད་དཔེ་བཟང་དང་ཤེས་དཔལ་ཁྱིམ་ཚང་སོགས་སྔོན་ཐོན་དཔེ་མཚོན་བསྡུས་ནས་དྲིལ་བསྒྲགས་དཔུང་ཁག་ཕུན་སུམ་ཚོགས་སུ་བཏང་བ་དང་། “ཟངས་རིའི་ནས་གི་སློབ་ཁང”དང“གསར་བརྗེའི་དཔུང་ཁག་གསུམ”སོགས་ཁྱད་ལྡན་སྤུས་རྟགས་གསར་གཏོད་བྱས་ཡོད། དམིགས་སུ་བཏོན་པའི《ལྷོ་ཁའི་གྲོང་མིའི་ཤེས་དཔལ་ལག་དེབ》དང་ཤེས་དཔལ་སྲོལ་གསར་དྲིལ་བསྒྲགས་བརྡ་སྦྱོར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་ཚང་མར་ཁྱབ་ཡོད་པ་དང་། གསར་རྩོམ་གྱི་སྤྱི་ཕན་དྲིལ་བསྒྲགས་བརྙན་ཐུང་9དྲ་རྒྱ་ཡོངས་སུ་བསྟན་ཚད་ཐེངས་ཁྲི་བརྒྱ་ལས་བརྒལ་ཡོད།
ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་འགན་འཁུར་བས། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་དུ་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི“དགའ་གདོང་གླེང་སྟེགས”དང་། པད་གླིང་གྲོང་ཚོའི་དུ་མེད་དཔེ་སྟོན། སྒྲུབ་སྡེ་གྲོང་ཚོའི་སྐར་གསོག་དོ་དམ་སོགས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་གྱི་དཔེ་སྟོན་བཏོད་ཡོད། གོམ་སྟབས་རྗེས་མར་ཡུལ་སྲོལ་སྒྱུར་བའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཤེས་དཔལ་གསར་གཏོད་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།