ལྷ་ས་སྐྱིད་ཆུ་འབབ་རྒྱུད་ཀྱི་ཆུ་ལོག་གནོད་འཚེའི་ཆུ་དཔྱད་འཕྲལ་སྡོམ་ཚད་ལེན་བརྡ་གཏོང་གི་ནང་སྦྱོང་བྱས་པ།
མིག་སྔར་རང་སྐྱོང་ལྗོངས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཅུས་ཀྱིས་2025ལོའི་ལྷ་ས་སྐྱིད་ཆུ་འབབ་རྒྱུད་ཀྱི་ཆུ་ལོག་གནོད་འཚེའི་ཆུ་དཔྱད་འཕྲལ་སྡོམ་ཚད་ལེན་བརྡ་གཏོང་གི་ནང་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ས་ཁུལ(གྲོང་ཁྱེར)བདུན་གྱི་ཆུ་དཔྱད་ཡན་ལག་ཅུས་ཀྱིས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་གཅིག་ཏུ་ནང་སྦྱོང་བྱས་པ་རེད།
“ད་ཐེངས་ཀྱི་ནང་སྦྱོང་ལས་འཕྲལ་སྡོམ་དང་ལེན་གྱི་ནུས་པ་སྔར་བས་ཆེ་རུ་སོང་བ་དང་། སྡེ་ཚན་ཁག་གི་མཐུན་སྦྱོར་དམག་འཐབ་ཀྱི་ཆུ་ཚད་མཐོ་རུ་སོང་བ། སྔོན་ཇུས་ཀྱི་གོ་ཆོད་རང་བཞིན་དང་སྒྲིག་ཆས་ཀྱི་བློས་འགེལ་རང་བཞིན་ར་སྤྲོད་བྱུང་བ། རྩ་ཆེའི་ཉམས་མྱོང་གསོག་འཇོག་དང་འབྱུང་འགྱུར་ཐོན་སྲིད་པའི་ཐོལ་བྱུང་གི་ཆུའི་མངོན་མེད་རྐྱེན་ངན་ལ་ཁ་གཏད་གཅོག་པར་རྨང་གཞི་བཏིང་ཡོད”ཅེས་རང་སྐྱོང་ལྗོངས་ཆུ་དཔྱད་དང་ཆུའི་ཐོན་ཁུངས་རྩད་ཞིབ་ཅུས་ལྟ་ཞིབ་ཚད་ལེན་ཁོའོ་ཡི་ཁོའོ་ཀྲང་ཝང་དབུན་ཧྲེང་གིས་བརྗོད།