ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཤང་དང་གྲོང་རྡལ་སྒྲོལ་བའི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཐོག་མ་བཙུགས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཤང་དང་གྲོང་རྡལ་སྒྲོལ་བའི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་ཐོག་མ་སྟེ། “ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་གཅིག་སྡུད་ཀྱི་ཤང་སྒྲོལ་བའི་གྲོང་ཚོ་མཉམ་འབྲེལ་ཨུ་ལྷན”བྲག་ཡིབ་གྲོང་རྡལ་གོང་གྲོང་གྲོང་ཚོར་བཙུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་བྲག་ཡིབ་ཆུས་ཀྱི་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་གཉིས་པ་དེ་རེད། 2024ལོའི་ཟླ་བཞི་པར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་ཚོགས་སྒྲིག་འཕེལ་རྒྱས་གྲོང་ཚོ་མཉམ་འབྲེལ་ཏང་ཨུད་བཙུགས་ཏེ། ཐོན་ཁུངས་གཅིག་སྡུད་གང་ལེགས་ཡོང་བར་སྐུལ་འདེད་བཏང་ཐོག་ཁེ་ལས་ཀྱི་ལག་རྩལ་དང་ཁྲོམ་རར་བརྟེན་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ། གྲོང་གསེབ་དར་རྒྱས་ཡོང་བར་མཐུན་རྐྱེན་སྦྱར་བས། “གྲོང་ཚོ་གཅིག་སྟོབས་ཆེར་གཏོང་བ”ནས“གྲོང་ཚོ་ཚང་མ་སྟོབས་ཆེར་གཏོང་བའི”བར་འགྱུར་ལྡོག་བྱུང་ཡོད།