བོད་ཀྱི་ལས་བྱེད་པ་ཁྲི་2.2ལྷག་ཙམ་གྱིས་རྒྱུན་མཐུད་ནས་གྲོང་ཚོར་བཅའ་སྡོད་བྱས་ཏེ་གཞི་རིམ་གྱི་མང་ཚོཌ་ལ་ཞབས་འདེཌ་ཞུ་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་12ཉིན་ལྷ་སར་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་གྲོང་སྡོད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། གྲོང་སྡོད་ལས་དོན་རུ་ཁག་5600དང་ལས་བྱེད་པ་ཁྲི་2.2ལྷག་ཙམ་གྲོང་ཚོ(གྲོང་ལྷན)5600རུ་བཅའ་སྡོད་བྱས་ཏེ་མུ་མཐུད་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་ངལ་བསལ་ནས། གཞི་རིམ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།
ལས་བྱེད་པ་གྲོང་སྡོད་ལས་དོན་ནི་བོད་ཀྱི་རྨང་རྩ་གཉིས་བརྟན་དང་། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་ཀྱི་ཆབ་སྲིད་ཀྱི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། རྨང་གཞིའི་འདུ་འགོད་ཅིག་ཡིན་ཞིང་། འདས་ཟིན་པའི་ལོ་གཅིག་རིང་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་ལས་བྱེད་པ་ཁྱོན་བསྡོམས་22255གྲོང་ཚོར(གྲོང་ལྷན)བཅའ་སྡོད་བྱས་ནས། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་82བཅོས་སྒྲིག་བྱེད་རོགས་བྱས་པ་རེད།
2011ལོའི་ཟླ་10པ་ནས་བཟུང་བོད་ཀྱིས“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན”གྱི་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར་རིམ་ཁག་ཏང་སྲིད་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞན་ཚན་པ། བོད་དུ་བཅའ་སྡོད་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་སོགས་ནས་ཁག་བཅུ་བཞི་ཡི་ལས་བྱེད་པ་ཁྲི་29.7ལྷག་ཙམ་གྲོང་སྡོད་བྱེད་པར་བཏང་སྟེ་གྲོང་གསེབ་དར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། སྲིད་ཇུས་སྒྲོག་འགྲེལ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།