དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་5ཚེས་10ཉིན་བར། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་8ས་གནས་དང་ཚན་པ་21ལ་བཅའ་སྡོད་བྱས་ཟིན་པ་རེད།

    བཅའ་སྡོད་ངོ་ཐུག་ཚོགས་འདུའི་ཐོག ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་ལ་བླང་བྱ་བཏོན་པ་དང་། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་འགན་འཁྲི་དང་ལས་འགན་དང་། ལས་ཀའི་བཀོད་སྒྲིག ཞིབ་ཕྲའི་བླང་བྱ་བཅས་བརྡ་ཁྱབ་བཏང་བ། སློབ་སྦྱོང་སློབ་གསོའི་འཕེལ་རིམ་གནས་ཚུལ་ཉན་པ་མ་ཟད། མཛུབ་ཁྲིད་དང་ལྟ་སྐུལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་གསུངས་དོན། ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་རེད། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་མངགས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་འབྲེལ་ཡོད་ས་གནས་དང་ཚན་པས་སློབ་སྦྱོང་སློབ་གསོར་དམ་འཛིན་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་ནི་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དེ་བས་ཡག་པོ་བྱེད་པར་རོགས་རམ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་འབྲེལ་ཡོད་ས་གནས་དང་ཚན་པར་སེམས་ཁུར་དང་ཐུགས་ཁུར་གནང་ལུགས་མཚོན་ཡོད།

    ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་ནན་བཤད་གནང་དོན། ལྟ་སྐུལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རང་འགན་གཙང་སྒྲུབ་ནན་པོ་དང་ཏན་ཏིག་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སློབ་སྦྱོང་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། འབྲེལ་ཡོད་ས་གནས་དང་ཚན་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་མངོན་གསལ་དོད་པའི་གནད་དོན་མཁྲེགས་སར་གཏུག་ཕོད་པ་དང་གནད་འཁེལ་ངང་ཐག་གཅོད་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། སྒྲིག་འགལ་ངང་ཟ་བཏུང་དང་། སྒྲིག་འགལ་ངང་ལག་རྟགས་དང་དངུལ་སྤྲོད་ལེན། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། འགན་མི་འཁུར་བ་དང་ལས་ཀ་མི་བྱེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། གནད་དོན་གཅིག་པར་ལན་གཅིག་པ་འདེབས་རྒྱུ་མཐའ་འཁྱོངས་བྱེད་པ། མཛུབ་ཁྲིད་ལྟ་སྐུལ་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་བཅས་བྱས་ནས། གནད་ཀྱིས་ཁྱོན་ལ་སྐུལ་འདེད་གཏོང་བར་བརྟེན་ནས་ཏང་ཡོངས་ཀྱི་སློབ་སྦྱོང་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པར་སྐུལ་འདེད་གཏོང་དགོས།

    འབྲེལ་ཡོད་ས་གནས་དང་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱི་འགན་འཁུར་བ་གཙོ་བོས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་ཏང་ཀྲུང་དབྱང་གིས་མངགས་པའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཆབ་སྲིད་ཀྱི་བསམ་གཞིག་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་དེ་གོ་སྐབས་སུ་བརྩིས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། སློབ་སྦྱོང་སློབ་གསོའི་བྱེད་པོའི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་བ། མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་རྒྱབ་སྐྱོར་བྱེད་པ། གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།