དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་དངུལ་ཁང་གིས་2025ལོའི་ལོ་འཁོར་གྱི་ཀྲུང་གོའི་ཁེ་ལས་ཀྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

    ཧྲང་ཧའེ་ཡི་ཚད་ལེན་དཔྱད་དཔོག་ས་ཚིགས་22གོ་ལ་ཧྲིལ་པོའི་ཆུ་ཚད་ཡག་ཤོས་སུ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-13

    ཉེ་དུས་འཛམ་གླིང་དངུལ་ཁང་གི་གཞུང་ཕྱོགས་དྲ་བའི་ཐོག་2025ལོའི་ལོ་འཁོར་གྱི་ཀྲུང་གོའི་ཁེ་ལས་ཀྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་སྙན་ཞུའི་ནང་ཚོང་གཉེར་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཚད་ལེན་དཔྱད་དཔོག་ས་ཚིགས་59ཡི་ཁྲོད་ཧྲང་ཧའེ་ཡི་ཚད་ལེན་དཔྱད་དཔོག་ས་ཚིགས་22གོ་ལ་ཧྲིལ་པོའི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།

    2023ལོ་ནས་བཟུང་འཛམ་གླིང་དངུལ་ཁང་གིས་ཚོང་གཉེར་ཁོར་ཡུག་གསར་པའི་དཔྱད་དཔོག་གི་བརྟག་ཐབས་སྨྲ་བ་ཁྱབ་བསྒྲགས་བྱས་པ་སྟེ། ཚོང་གཉེར་ཁོར་ཡུག་གི་འཐུས་སྒོ་ཚང་ཚད་ལ་དཔྱད་དཔོག་བྱས་ནས། རིགས་གཅིག་མཁས་ཅན་གྱི་བརྟག་དཔྱད་དང་ཁེ་ལས་ཀྱི་བརྟག་དཔྱད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གྲངས་གཞི་འཚོལ་བསྡུ་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཚོང་གཉེར་ཁོར་ཡུག་གནས་ཚུལ་ཚད་འཇལ་བྱེད་པར་སྤྱད་ཡོད།

    “འཛམ་གླིང་དངུལ་ཁང་གིས་སྤེལ་བའི་ཀྲུང་གོའི་ཁེ་ལས་ཀྱི་བརྟག་དཔྱད་ནི་ཆེད་ལས་སྒྲིག་གཞིས་འཛམ་གླིང་དངུལ་ཁང་གི་རིམ་དབྱེ་དཔེ་འཐེན་གྱི་བཅའ་ཁྲིམས་གཞིར་བཟུང་། ཀྲུང་གོའི་ཁེ་ལས་2189ཡི་བདག་པོའམ་མཐོ་རིམ་དོ་དམ་པར་བཅར་འདྲི་བྱས་ནས་ལེགས་གྲུབ་བྱས་པ་ཞིག་ཡིན་པས། ཚད་མཐོའི་དབང་གྲགས་རང་བཞིན་ལྡན་ཡོད། ཚད་ལེན་དཔྱད་དཔོག་ས་ཚིགས་22གོ་ལ་ཧྲིལ་པོའི་ཆུ་ཚད་ཡག་ཤོས་སུ་སླེབས་པ་དེ་ཐོག་ནས་ཧྲང་ཧའེ་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཀུན་སྤྱོད་ཚད་གཞི་དང་ཡང་ཡང་བསྡུར་ནས་ལམ་ལུགས་དང་སྒྲིག་སྲོལ་ལེགས་སུ་གཏོང་བ། སྲིད་དོན་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་ལས་སྒྲུབ་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ར་སྤྲོད་གང་ལེགས་བྱུང་ཡོད”ཅེས་ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་ཀྲུང་གོ་ཁྲིམས་སྐྱོང་ཅན་ཚོང་གཉེར་ཁོར་ཡུག་ཞིབ་འཇུག་ཁང་གི་ཡོན་ཀྲང་ལུའོ་ཕེ་ཤིན་གྱིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།