ཧོ་ནན་ནན་དབྱང་གྲོང་ཁྱེར་དུ་ཀྲུང་ཡོའི་དུས་གཏན་མེ་འཁོར་དངོས་ཟོག་སྐྱེལ་འདྲེན་ལས་ལ་བྲེལ་བ།
ཟླ་5ཚེས་10ཉིན། རྡོ་སྣུམ་སྒྲིག་ཆས་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ཧོ་ནན་ནན་དབྱང་གི་ཆེད་སྤྱོད་ལམ་ཐིག་ནས་ཐོན་པ་དང་། ནང་སོག་གི་མན་ཀྲོའུ་ལི་གྲོང་ཁྱེར་བརྒྱུད་དེ་རྒྱལ་མཚམས་བརྒལ་ནས་ཨུ་རུ་སུར་བསྐྱོད་ཡོད། ད་ཐེངས་ཆེད་གཏོང་མེ་འཁོར་གྱིས་སྐྱེལ་འདྲེན་བྱེད་པའི་ཐོན་རྫས་ནི་རིང་ཚད་སྨི་3900དང་ལྗིད་ཚད་ཏུན་14ཟིན་པའི་རྡོ་སྣུམ་སྦུག་ལམ་ཡིན་པ་དང་། ཧ་ཅང་རིང་བའི་སྲུབས་མེད་འབྲེལ་མཐུད་རྡོ་སྣུམ་སྦུག་ལམ་དེར་རྒྱལ་སྤྱིའི་སྔོན་ཐོན་ལག་རྩལ་སྤྱད་ནས་ཐོན་སྐྱེད་བྱས་པ་རེད།