དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཟླ་17བསྟུད་མར་ཨ་སྒོར་དུང་ཕྱུར་ཁྲི་3.2ཡན་བརྟན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-13

    རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་4པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32817ཟིན་པ་དེ་ཟླ་3པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་410འཕར་བ་དང་འཕར་ཚད་1.27%ཟིན་ནས། ཟླ་17བསྟུད་མར་ཨ་སྒོར་དུང་ཕྱུར་3.2ཡན་བརྟན་པོ་བྱུང་ཡོད།

    རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས། ཟླ་4པར་དཔལ་འབྱོར་དངོས་ཚན་གཙོ་བོའི་གཞི་ཆེན་སྲིད་ཇུས་དང་དཔལ་འབྱོར་འཕར་བའི་སྔོན་དཔག་སོཌ་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཨ་སྒོར་གྱི་སྟོན་གྲངས་ཆག་ནས་གོ་ལ་ཧྲིལ་པོའི་དངུལ་རྩའི་རྒྱུ་ནོར་གྱི་རིན་གོང་ལ་འཕར་ཆག་གཉིས་ཀ་བྱུང་ཡོད། རང་རྒྱལ་གྱི་དཔལ་འབྱོར་ལེཌ་སུ་འགྲོ་བའི་རྣམ་པ་མངོན་པ་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་བར་མཉེན་ཆ་ཆེ་བ་དང་གསོན་ཤུཌ་ལྡན་པས། ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་ཕན་ཐོགས་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།