ཀྲུང་གོ་དང་ཨུ་རུ་སུའི་གྲོགས་པོ་ཆུང་ཆུང་ཚོས་མཐུན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ“དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན”ལ་བསུ་བ་ཞུས་པ།
ཀྲུང་ཨུའི་གྲོགས་པོ་ཆུང་ཆུང་ཚོས་རྐང་རྩེད་སྤོ་ལོའི་ཐང་དུ་འགྲན་བསྡུར་བྱེད་བཞིན་པ།
ཀྲུང་ཨུའི་གྲོགས་པོ་ཆུང་ཆུང་ཚོས་མཉམ་དུ་བཟོས་པའི་སྙིང་གཟུགས་སྨོན་འདུན་གཱ་སྟོན་བཞིན་པ།
ཉེ་ཆར། ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་མུའུ་ཏན་ཅང་གྲོང་ཁྱེར་ཁྲའོ་ཞན་རིགས་སློབ་ཆུང་གིས་གཉེར་འགན་འཁུར་བའི“ཀྲུང་ཨུའི་གཞོན་ནུ་ལོ་ཆུང་ལག་གདང་སྦྲེལ། རིག་གནས་ལུས་རྩལ་མཉམ་འདྲེས་སེམས་པ་སྦྲེལ”ཀྲུང་ཨུའི་གཞོན་ནུ་ལོ་ཆུང་གི་རིག་གནས་ལུས་རྩལ་སྤེལ་རེས་བྱེད་སྒོ་བདེ་བླག་ངང་གཉེར་ཡོད། ཨུ་རུ་སུ་ནས་ཡོང་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་64དང་དགེ་རྒན་22དང་། མུའུ་ཏན་ཅང་གྲོང་ཁྱེར་གྱི་ཁྲའོ་ཞན་རིགས་སློབ་ཆུང་གི་དགེ་སློབ་ཀྱི་འཐུས་མི་ལྷན་དུ་འཛོམས་ནས་རིག་གནས་སྤེལ་རེས་དང་། རིག་རྩལ་འཁྲབ་སྟོན། ལུས་རྩལ་འགྲན་བསྡུར་བཅས་བྱས་པ་བརྒྱུད། ཀྲུང་ཨུའི་མཛའ་གྲོགས་ཟམ་པ་མཉམ་དུ་བཙུགས་ནས་རིག་གནས་སྣ་མང་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་ངོ་མཚར་མངོན་པར་བྱས་ཡོད།