“ཇ་སྟོན་བཤམས·གནམ་འོག་མཐུན”ཞེས་པ་དང“ཅང་ཤིས་ཉིན་མོའི”བྱེད་སྒོ་མོ་རོ་ཁོར་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ར་པ་ཐེ་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན“ཇ་སྟོན་བཤམས·གནམ་འོག་མཐུན”ཞེས་པ་དང“ཅང་ཤིས་ཀྱི་ཡུལ་ལྗོངས་ལྷག་པར་མཛེས་པའི”མོ་རོ་ཁོའི“ཅང་ཤིས་ཉིན་མོའི”བྱེད་སྒོ་མོ་རོ་ཁོའི་རྒྱལ་ས་ར་པ་ཐེ་རུ་འཚོགས་པ་དང་ཀྲུང་གོ་དང་མོ་རོ་ཁོའི་ལས་རིགས་ཁག་གི་སྐུ་མགྲོན་120ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཅང་ཤིས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་། ར་པ་ཐེ་ཀྲུང་གོའི་རིག་གནས་ལྟེ་གནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ལྟེ་གནས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་མོ་རོ་ཁོའི་ཇ་དང་ཀོག་ཧྥེའི་ཐོན་ལས་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་དམིགས་བསལ་བྱས་པ་རེད།
ཅང་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་ཡེ་ཅན་ཁྲུན་གྱིས་ཤིས་ཚིག་སྒྲོན་སྐབས་ཇའི་རིག་གནས་དང་། རྫ་དཀར་སྒྱུ་རྩལ། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་རིག་གནས་བཅས་མིང་བྱང་གསུམ་ལ་དམིགས་ནས་སྐུ་མགྲོན་ཚོར་རི་སྔོ་ཆུ་དྭངས་དང་། རིག་གནས་ཀྱི་འོད་སྟོང་འཕྲོ་བ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་ཅང་ཤིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ད་ཐེངས་ཅང་ཤིས་དང་མོ་རོ་ཁོའི་དབར་གྱི་རིག་གནས་སྤེལ་རེས་ལ་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཕྱོགས་གཉིས་པོས་རང་སོ་སོའི་ཁྱད་ཆོས་དང་ལེགས་ཆ་བཏོན་ནས་རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་སྒོ་དབྱེ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།