ཧུའུ་ནན(ཧོའེ་ཧྭ)RCEPདཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་འགོ་ཚུགས་པ།
ཧུའུ་ནན(ཧོའེ་ཧྭ)RCEPདཔལ་འབྱོར་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཟླ་5ཚེས་9ཉིན་འགོ་ཚུགས་ཤིང་། ས་གནས་ས་ཐོག་ཏུ་ཀྲུང་ལུགས་གསོ་རིག་དང་། ནུས་རྒྱུ་གསར་པ་དང་དེའི་སྒྲིག་ཆས། རིག་གནས་དང་ཡུལ་སྐོར། ཚོང་ཟོག་དང་ཟོག་འགྲུལ་སོགས་ཀྱི་ཁྱབ་ཁོངས་ཚུད་པའི་རྣམ་གྲངས་28ལ་གན་རྒྱ་བཞག་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་118.86བཏང་ཡོད་པ་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱིས“གོ་སྐབས་མཉམ་སྤྱོད། འབྱུང་འགྱུར་གཉིས་ཁེ”བརྗོད་དོན་གཙོ་བོར་བྱས་ཏེ། འགོ་ཚུགས་མཛད་སྒོ་དང་དེ་བཞིན་RCEPདཔལ་འབྱོར་ཚོང་དོན་མ་འཇོག་འོས་སྦྱོར་ཚོགས་འདུ་དང་། “མངོན་མིན་རིག་གནས་ཕྱི་རྒྱལ་དུ་འགྲེམས། དཔལ་འབྱོར་ཚོང་དོན་མཉམ་དུ་སྤེལ”ཞེས་པའི་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ། “བགྲོད་ལམ་གཉིས”(ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་དང་ཧྲང་ཧྲའེ་ནས་ཁུན་མིང་བར་གྱི་རྒྱལ་སྤྱིའི་ཚོང་དོན་བགྲོད་ལམ་ཆེ་མོ)དང་RCEPའགག་སྒོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་འདུ་བཅས་ཀྱི་བྱེད་སྒོ་གཙོ་བོ་གསུམ་བཀོད་སྒྲིག་བྱས་ཡོད་པ་རེད།