དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཐོན་ལས་གླིང་གི་སྒོ་བྱང་དངོས་སུ་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-13

    ཉེ་ཆར། ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཐོན་ལས་གླིང་ལྷ་སར་སྒོ་བྱང་དངོས་སུ་བཀལ་བ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་འདྲེས་འཛུགས་སྐྲུན་ཐད་གོམ་པ་གལ་ཆེན་ཞིག་སྤོས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟེགས་བུ་གསར་པ་ཞིག་བསྐྲུན་པ་མཚོན་ཡོད། ལྷ་སའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཐོན་ལས་གླིང་ནི་རང་སྐྱོང་ལྗོངས་ཚོད་དོན་ཐིང་གིས་ཞིབ་བཤེར་རྩིས་ལེན་བྱས་པའི་གནས་གཏན་འཁེལ་བའི་ཞིང་ཆེན་རིམ་པའི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་ཞིག་ཡིན་པ་དང་དེར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.6ཡོད། གླིང་ཁུལ་དུ་རིག་ནུས་ཟོག་འགྲེམས་དང་། རྒྱལ་སྒྲོལ་ཚོང་དོན། གསར་གཏོད་སྐྱོང་གསོ་བཅས་གཞི་གཅིག་ཏུ་བསྡུས་ཡོད་ལ། སྨི་ངོས་གྲུ་1800ཟིན་པའི་ནེ་པ་ལའི་ཕྱི་ཕྱོགས་མཛོད་ཁང་ཡོད་པས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཕྱོགས་པའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལས་སྒོ་གཙོ་གནད་ཐོག་སྤེལ་རྒྱུ་ཡིན་ཞིང་། དེ་ནི་རང་ལྗོངས་ཀྱིས་གཙོ་གནད་ཐོག་གཏོད་པའི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཐོན་ལས་ཀྱི་གཅིག་སྡུད་སྟེགས་བུ་ཞིག་རེད། མིག་སྔའི་བར་གླིང་ཁུལ་དུ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཁེ་ལས་12ཡོད་པ་དང་། རིམ་རྩིས་བརྒྱབ་ན་ལོ་རེའི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་20ཟིན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།