རེ་བའི་ཞིང་སར་འབད་འཐབ་མདུན་སྐྱོད་ཀྱི་རྒྱུགས་ལན་ཕུལ་བ།
བོད་ཀྱི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཁག་བཅུ་གསུམ་པའི་སྐོར་གྱི་སྒྲིལ་གླེང་།
བོད་ཀྱིས་ལས་བྱེད་པའི་གྲོང་སྡོད་ལས་དོན་དེ་རྨང་རྩ་གཉིས་གཞི་བརྟན་དང་། དམངས་འཚོ་ལེགས་གཏོང་། མི་སེམས་གཅིག་སྒྲིལ་བཅས་ཀྱི་ཆབ་སྲིད་ཀྱི་ལས་གྲྭ་དང་། དམངས་སེམས་ཀྱི་ལས་གྲྭ རྨང་གཞིའི་ལས་གྲྭ་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པའི་གྲོང་སྡོད་ལས་དོན་ཁག་བཅུ་གསུམ་པར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་ཚན་པ་ཁག་དང་སྡེ་ཚན་ཁག་སྐུལ་སློང་བྱས་ནས་ཕུལ་བྱུང་ལས་བྱེད་པ(མི་སྣ)22255གྲོང་ཚོར(གྲོང་ལྷན)འདེམས་གཏོང་བྱས་པ་དང་། རྫོང་དང་ཁྲུའུ་རིམ་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་74གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་དཔོན་ལ་བདམས་ཏེ། ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་དང་། ལྷག་པར་དུ་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི་དམག་འཐབ་ཆེན་པོ་དང་རྒྱུགས་སྤྲོད་ཆེན་པོའི་ནང་གདོང་མཆོང་དང་གདོང་ལེན་བྱས་ནས་ལྟེ་བའི་ལས་དོན་གང་དུ་སྤེལ་ཚེ་གྲོང་སྡོད་ལས་དོན་དེ་གར་རྗེས་སྙེག་དང་། ཞབས་ཞུ། འགན་སྲུང་བཅས་ཐུབ་པར་བྱས་ཡོད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས“བཙན་རྫོང་གཅིག”བརྟན་པོ་བསྐྲུན་ཞིང་། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་སློབ་སྦྱོང་ལ་དམ་འཛིན་དང་ལམ་ལུགས་འཛུགས་པ་དང་། ཚན་ཁག་སྟོབས་ཆེར་གཏོང་བ་དང་རྐང་འཛིན་གསོ་སྐྱོང་བྱེད་པ་བརྒྱུད། གཞི་རིམ་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ་ཡག་པོ་ཞིག་བྱས་ཏེ་རྫོང་དང་ཤང་ཏང་ཨུད་ལ་གཞོགས་འདེགས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི“བཙན་རྫོང”སྔར་བས་བརྟན་པོ་བསྐྲུན་ཡོད། བཅའ་སྡོད་བྱས་ཚུན། ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ(སྡེ་ཁུལ)ཏང་རྩ་འཛུགས་82བཅོས་སྒྲིག་བྱེད་རོགས་བྱས་པ་དང་། གྲོང་ཚོ་རིམ་པའི་ལས་ཀའི་ལམ་ལུགས་9013འཐུས་སྒོ་ཚང་དུ་བཏང་བ། ཞིང་འབྲོག་པ་ཏང་ཡོན་3950འཕེལ་རྒྱས་གཏོང་རོགས་བཅས་བྱས་ཡོད། གྲོང་ཚོའི་ལས་བྱེད་པ་1162རིམ་པ་ཁག་གི་ཏང་གི་སློབ་གྲྭར་གསོ་སྦྱོང་བྱེད་པར་འདེམས་གཏོང་བྱས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་སོགས་ཕུལ་བྱུང་ཤེས་ལྡན་པ་1555གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་འདེམས་བསྐོ་བྱས་ཡོད།
རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལ་དམ་འཛིན་ནན་པོ་བྱས་ཏེ“འཐབ་ས་དང་པོའི་གཡུལ་ས”ཡག་པོ་བསྲུངས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་ཚོ་བཅའ་སྡོད་བྱས་ཚུན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་བྱེད་སྒོ་ཐེངས་7907དང་རིགས་ཁག་གི་དྲིལ་བསྒྲགས་སློབ་གསོ་ཐེངས་ཁྲི་9.19སྤེལ་བ་དང་། རིགས་ཁག་གི་མང་ཚོགས་རང་བཞིན་གྱི་སྒྲོག་འགྲེལ་འགྲན་བསྡུར་ཐེངས་ཁྲི་1.28གཉེར་བ། འཕྲེད་འགེལ་སྦྱར་ཡིག་ཁྲི་2.83སྦྱར་བ་བཅས་བྱས་པར་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་485.16ཟིན་ཡོད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཞིང་ནང་དང་མུ་ཁ་དང་། རྩྭ་ར་དང་སྦྲ་གུར། མང་ཚོགས་ཀྱི་ཁྱིམ་བཅས་སུ་བསྐྱོད་དེ“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་པའི”བྱེད་སྒོ་ཐེངས་ཁྲི་3.91སྤེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི་8.07སྤྲད་པ། སྒྲོག་འགྲེལ་ཡིག་ཆ་ཁྲི་2.83ལྷག་ཙམ་སྤེལ་གཏོང་དང་བརྒྱུད་བསྐུར་བྱས་པ། སྒྲོག་འགྲེལ་བརྙན་ཐུང་2547བཟོས་པར་ལྟ་མཁན་ཐེངས་ཁྲི་344.07ཟིན་ཡོད།
མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས“འདུ་ཤེས་གཅིག”བརྟན་པོ་བཙུགས་ཤིང་། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་མང་ཚོགས་ཁྲོད་གཏིང་ཟབ་བསྐྱོད་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། “ལོ་རྒྱུས་ཁག་ལྔ”དང་དེ་བཞིན་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོའི་གཅིག་སྡུད་སྒྲོག་འགྲེལ་ཐེངས་ཁྲི་2.3བསྟུད་མར་སྤེལ་བ་དང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》དྲིལ་བསྒྲགས་ཐེངས་ཁྲི་2.33བྱས་པར་སློབ་གསོ་ཐོབ་པའི་མང་ཚོགས་མི་ཐེངས་ཁྲི་120.64ཟིན་ཡོད། གྲོང་སྡོད་ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་མཁན་གྱི་འགན་འཁྲི་ཧུར་ཐག་ཁུར་ཏེ། གཅིག་སྡུད་གསོ་སྦྱོང་བྱེད་པ་དང་། མཚན་མོའི་སློབ་གྲྭ་གཉེར་བ། ཆ་སྒྲིག་རོགས་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་ཞིང་འབྲོག་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་སྣེ་ཁྲིད་པ་གསོ་སྐྱོང་བྱས་ཡོད། མངགས་གཏོང་ཚན་པ་དང་འབྲེལ་མཐུད་བྱས་ནས་མ་དངུལ་སྒོར་ཁྲི་3684.9གྲབས་གསོག་བྱས་ཏེ། གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཁྲི་1ལྷག་ཙམ་ལྗོངས་ཕྱིར་སློབ་སྦྱོང་དང་། གསོ་སྦྱོང་། རྟོག་ཞིབ་བཅས་བྱེད་པར་བཏང་ནས་མི་རིགས་ཁག་གི་མང་ཚོགས་དེ་བས་འབྲེལ་འདྲིས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
གྲོང་གསེབ་དར་རྒྱས་ལ་དམིགས་ནས“ཡུལ་ཕྱོགས་གཅིག་གི་མང་ཚོགས”ལ་བདེ་སྐྱིད་བསྐྲུན་ཞིང་། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཞིང་འབྲོག་པའི་སྙིང་ཉེ་བ་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཏན་ཏིག་བྱས་ཏེ། དམངས་འཚོ་ལེགས་སུ་དང་ཐོན་ལས་འཕེལ་རྒྱས་གཏོང་བའི་འཐབ་ས་མདུན་མར་འབད་འཐབ་ཧུར་ཐག་གིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ནས། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་ཡོད། ཡུལ་བབ་དང་བསྟུན་ནས་རྨང་བརྟན་དམངས་ཕན་གྱི་ལས་ཀའི་གྲོན་དངུལ་བསྡུ་སྒྲིལ་བྱས་པ་དང་གྲོང་ཚོ་རིམ་པའི་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་རེ་ཞུ་བྱས་ཏེ། གྲོང་ཚོ་351གི་མཉམ་སྡེབ་དཔལ་འབྱོར་གྱི་གྱོང་སེལ་ཁེ་སྒྱུར་བྱེད་རོགས་དང་གྲོང་ཚོ་551གི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་5མ་ཟིན་པ་ནས་སྒོར་ཁྲི་5ཡན་དུ་འཕར་རྒྱུར་རོགས་རམ་བྱས་ཡོད། གྲོང་སྡོད་ལས་བྱེད་པ་246གིས་གྲོང་གསེབ་ཀྱི་ཐོན་རྫས་ཡག་པོ་དང་མཛེས་ལྗོངས་ཀྱི་འོས་སྦྱོར་པ་དང་མགྲིན་ཚབ་པའི་འགན་ཁུར་ཡོད། མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་ནས་ཟ་ཁང་དང་། ཁྲུས་ཁང་། རིག་གནས་ཁང་། དཔེ་མཛོད་ཁང་། དྲོད་རླངས་དང་གསོ་རླུང་མཁོ་སྤྲོད་སོགས“ཆུང་ལ་མཛེས་པའི”རྣམ་གྲངས་2000ལྷག་ཙམ་ལག་བསྟར་བྱས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུ་དེ་གྲོང་སྡོད་ལས་བྱེད་པའི་སྒྲུབ་དགོས་པའི་འགན་འཁྲིར་བརྩིས་ཏེ“རྒན་གྲས་གསུམ”གྱི་མི་སྣ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་4.46ལ་འཚམས་འདྲི་བྱས་པ་དང་དཀའ་ངལ་དངོས་ཁྲི་1.68ཐག་གཅོད་བྱས་ཡོད། མངགས་གཏོང་ཚན་པ་3000ལྷག་ཙམ་གྱིས་གྲོང་སྡོད་ས་ཚིགས་དེ་འབྲེལ་གཏུག་ས་ཚིགས་སུ་བརྩིས་ནས་ལོ་ལྟར་གྲོང་ཚོར་གཉེན་ཉེ་དང་གྲོགས་པོ་སྒྲིག་པའི་བྱེད་སྒོ་སྤེལ་གྱི་ཡོད།
ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་བྱས་ཏེ“འགན་འཁྲི”ཕྲག་ཏུ་འཁུར་ཞིང་། གྲོང་སྡོད་ལས་བྱེད་པ་ཞིག་ནི་ཚད་ཤིང་ཞིག་ཡིན་པ་དང་། གྲོང་སྡོད་ལས་དོན་རུ་ཁག་ཅིག་ནི་དར་ཆ་ཞིག་ཡིན། དིང་རིའི“1·07”ཡི་ས་ཡོམ་བརྒྱབ་རྗེས། དིང་རི་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་180ཡི་གྲོང་སྡོད་ལས་བྱེད་པ་605དང་ལྷ་རྩེ་སོགས་རྫོང་4ཡི་གྲོང་སྡོད་ལས་དོན་རུ་ཁག་315ཡི་གྲོང་སྡོད་ལས་བྱེད་པ་1166ས་ཆ་དེ་གར་ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་རུ་ཁག་བྱས་ཡོད།
སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་བཏང་ནས“དར་ཆ་གཅིག”བཙུགས་ཤིང་། གྲོང་སྡོད་ལས་བྱེད་པ་ནི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་འགྲམ་དུ་མངགས་པའི་ལས་བྱེད་པ་ཞིག་ཡིན་པས་སྐད་ཆ་དང་བྱ་སྤྱོད་ཚང་མས་ཏང་ཨུད་དང་སྲིད་གཞུང་གི་གཟུགས་བརྙན་མཚོན་གྱི་ཡོད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་གྲོང་སྡོད་ཡག་པོ་བྱེད་པ་དང་སེམས་བརྣལ་ལ་ཕབ་སྟེ་གཟུགས་བརྙན་བཟང་པོ་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་མང་ཚོགས་ཀྱི་གོམས་སྲོལ་བསྒྱུར་བར་ཁྲིད་སྟོན་དང་། བདེ་ཐང་དང་ཡ་རབས་ལྡན་པའི་འཚོ་བ་སྐྱེལ་སྟངས་ལ་བརྩི་མཐོང་། གྲོང་སྡོད་ལས་ཀའི་བསྲུང་བྱ་དང་ལས་ཀའི་སྒྲིག་ཁྲིམས་ནན་པོ་གཞིར་བཟུང་ལས་དོན་སྒྲུབ་པ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་བཏོད་ཡོད།