དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་ཕྱོགས་ཚོང་དོན་གྱི་མཉེན་ཤུགས་གང་ནས་བྱུང་བ་ཡིན་ནམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-05-12

    ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཐོན་པ་དང་བསྟུན་ནས། དུས་ཚིགས་དང་པོའི་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་འབྲས་ལ་ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་10.3ཟིན་པ་དེ་དུས་མཚུངས་ལས་1.3%འཕར་བ་དང་། གནོན་ཤུགས་བསུ་བཞིན་མདུན་སྐྱོད་བྱེད་པའི་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་ལ་མཉེན་ཤུགས་ཆེན་པོ་མངོན་ནས་འགོ་བརྟན་པོ་བཙུགས་ཡོད།

    མཉེན་ཤུགས་འདི“ཀྲུང་གོའི་རིག་སྐྲུན”གྱི་སྟོབས་ཤུགས་ཆེན་པོ་ལས་བྱུང་ཞིང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི“གསར་གཏོད་འདུས་ཚད”རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས། ཀྲུང་གོའི་ཐོན་རྫས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་དང་སྦྲེལ་མཐུད་གཏིང་ཟབ་ཐུབ་སྟེ་སྒྲིག་ཆས་ཐོན་ལས་སྔ་མ་དང་ཕྱི་མའི་ཁེ་ལས་ཀྱིས་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་འཛད་སྤྱོད་པའི་གདམ་ག་ཕུན་སུམ་ཚོགས་སུ་ཕྱིན་ནས་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཡོད།

    མཉེན་ཤུགས་འདི་སྣ་མང་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་ཕྱིན་པ་ལས་བྱུང་ཞིང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མུ་མཐུད་རང་རྒྱལ་གྱི་ཚོང་དོན་རོགས་ཟླ་ཨང་དང་པོའི་གནས་བབ་ཏུ་བརྟན་པོར་གནས་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་བསྡུར་ཚད་བཟུང་ཚད་16.6%བར་འཕར་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་པའི་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་བསྡུར་ཚད་བཟུང་ཚད་51.1%ཟིན་པ་མ་ཟད། ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

    དཀའ་ངལ་དང་འགྲན་སློང་འཕྲད་སྐབས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྣ་མང་ཅན་གྱི་ཁྲོམ་ར་ཧུར་ཐག་གཏོད་པ། རང་ངོས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ། རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བཅས་བྱས་ཚེ། ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱིས་འཛམ་གླིང་གི་དཔལ་འབྱོར་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།