དུས་ཚིགས་དང་པོའི་ཁྲལ་དོན་གྲངས་གཞི་ལས་མངོན་པ་ལྟར་ན།
གཙོ་གནད་ལས་གྲྭའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་པ།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱིས་རྣམ་གྲངས་ཀྱི་བྱེད་སྟངས་ལ་བརྟེན་ནས་ལས་རྨས་འགན་བཅོལ་རེ་ཞུ་བྱས་པའི་ལས་གྲྭའི་རྣམ་གྲངས་ཀྱི་གྲངས་འབོར་རིམ་རྩིས་བརྒྱབ་ན་ཁྲི་3.9ཟིན་པ་དེ་དུས་མཚུངས་ལས་9.4%འཕར་བ་དང་། ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1.9ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ་དང་རྣམ་གྲངས་ཀྱི་མ་འཇོག་འཕར་བའི་འཕེལ་ཕྱོགས་བཟང་པོ་ཡོད། ལྷག་པར་དུ་ཟླ་3པའི་རྗེས་སུ་མ་འཇོག་རྣམ་གྲངས་ཀྱི་ཨར་ལས་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་དང་། ཟླ་3པའི་ལས་གྲྭའི་རྣམ་གྲངས་རེ་ཞུ་བྱས་པའི་གྲངས་འབོར་ཁྲི་1.8ཟིན་པ་དེས་དུས་ཚིགས་དང་པོའི་སྤྱི་འབོར་གྱི་46.5%བཟུང་བ་དང་། བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་0.8རེ་ཞུ་བྱས་པ་དེས་དུས་ཚིགས་དང་པོའི་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་གྱི་43.9%བཟུང་ཡོད།
མིག་སྔར། བཟོ་སྐྲུན་དང་། ལྕགས་ལམ། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། ཆུ་བེད། ནུས་རྒྱུ། གནམ་ཐང་སོགས་ཁྱབ་ཁོངས་ཀྱི་ལས་གྲྭའི་རྣམ་གྲངས་ནང་ཕྱོགས་སྐྱོད་ཞིང་པ་ལས་མི་ལས་ཀར་བསྡུས་རིགས་ལ། གཙོ་བོར་རྣམ་གྲངས་ཀྱི་ཐོག་ནས་ཁྲལ་དོན་སྡེ་ཚན་ཕྱོགས་སུ་ལས་རྨས་འགན་བཅོལ་གྱི་རེ་ཞུ་བྱེད་ཀྱི་ཡོད། ཁྲལ་དོན་གྲངས་གཞིར་བལྟས་ན། དུས་ཚིགས་དང་པོའི་ལས་གྲྭའི་རྣམ་གྲངས་ཐད་ས་ཁོངས་འཕེལ་རྒྱས་རྣམ་གྲངས་མྱུར་ཚད་བརྟན་པོའི་ངང་འཕར་བ་དང་། གཙོ་གནད་ལས་གྲྭའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་པ། “ཆུང་ལ་མཛེས”པའི་རྣམ་གྲངས་སྔ་རྗེས་སུ་དོན་འཁྱོལ་བྱས་པ་སོགས་ཀྱི་ཁྱད་ཆོས་གཙོ་བོ་མངོན་པ་རེད།
གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོར་ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་10ལས་བརྒལ་བའི་གཙོ་གནད་རྣམ་གྲངས་182ཟིན་པ་དེ་དུས་མཚུངས་ལས་41.8%འཕར་བ་དང་། ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་3400ཟིན་པ་དེ་དུས་མཚུངས་ལས་39.1%འཕར་ཡོད། ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་ཁྲི་500ལས་དམའ་བའི་རྣམ་གྲངས་ཁྱོན་བསྡོམས་ཁྲི་1.7ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ་དང་། ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་280ཙམ་ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ཡོད་པ་རེད།