ངལ་རྩོལ་དཔེ་བཟང་བས་ལག་རྩལ་བརྒྱུད་ཁྲིད་བྱེད་པར་བྲེལ།
90ནང་སྐྱེས་ཀྱི་གཞོན་ནུ་ཏིང་པིན་ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་རྗེས། ཨན་ཧུའེ་ཞིང་ཆེན་མོང་ཁྲེང་ཅཱ་ཧྲེ་ལུང་འཕྲུལ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ལག་རྩལ་བཟོ་པའི་བཟོ་བཀོད་པ་ཞིག་ཏུ་གྱུར། ལོ་མང་རིང་། ཁོང་གིས་དཀའ་སྤྱད་འབད་བརྩོན་གྱིས་ཉམས་མྱོང་གསོག་པ་དང་། ལས་སྒོའི་རྩལ་ནུས་ཐད་དཀའ་སྤྱད་བརྩོན་ཞིབ། ལག་རྩལ་འགག་སྒྲོལ་ཐད་གསར་གཏོད་ཧུར་ཐག་བཅས་བྱས་ཏེ་རླངས་འཁོར་ཐོན་སྐྱེད་ཀྱི་སྒྲིག་ཆས་ལེགས་གཏོང་ཁྲོད་ཡར་རྒྱས་བརྩོན་ལེན་བྱས་པས། རིམ་བཞིན་ཀུང་སིའི་ལག་རྩལ་སྣེ་ཁྲིད་པར་གྱུར་པ་མ་ཟད། ཀུང་སིའི་བཟོ་བཀོད་ལག་རྩལ་གྱི་གཙོ་གཉེར་དང་ཞིབ་སྤེལ་པུའི་པུའུ་ཀྲང་གི་འགན་འཁྲི་འཁུར་གྱི་ཡོད་པ་རེད།
འདི་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་མོང་ཁྲེང་ཅཱ་ཧྲེ་ལུང་འཕྲུལ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་བཟོ་བཀོད་ལག་རྩལ་པུའི་པུའུ་ཀྲང་ཏིང་པིན་གྱིས་འཁོར་ཁང་དུ་ལས་རོགས་ཚོར་ཐོན་རྫས་ལས་སྣོན་གྱི་བཟོ་བཀོད་ལེགས་སུ་གཏོང་བའི་ལག་རྩལ་སློབ་བཞིན་པ།