པེ་ཅིང་དུ་སློབ་རའི་སྒོ་དབྱེ་ཉིན་མོར་བརྟེན་ནས་རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་གྲ་སྒྲིག་ལ་གཞོགས་འདེགས་བྱེད་པ།
ཉེ་ཆར། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱིས་2025ལོའི་སློབ་རའི་སྒོ་དབྱེ་ཉིན་མོ་དང་མཐོ་རྒྱུགས་ཀྱི་སློབ་བསྡུ་བློ་འདྲིའི་འདུ་ཚོགས་གཉེར་བས་པེ་ཅིང་དང་ཉེ་འཁོར་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལྟ་སྐོར་དང་བློ་འདྲི་བྱེད་པར་ཡོང་བ་རེད། པེ་ཅིང་དང་ས་ཆ་གཞན་དག་གི་སློབ་གྲྭ་60ལྷག་ད་རེས་ཀྱི་བྱེད་སྒོའི་ནང་ཞུགས་ཏེ་རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་གྲ་སྒྲིག་ལ་གཞོགས་འདེགས་བྱས་ཡོད། འདི་ནི་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་2025ལོའི་སློབ་རའི་སྒོ་དབྱེ་ཉིན་མོ་དང་མཐོ་རྒྱུགས་ཀྱི་སློབ་བསྡུ་བློ་འདྲིའི་འདུ་ཚོགས་འཚོག་ཡུལ་ཡིན་པ།