དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་དང་བླངས་པ་སློབ་གྲྭར་བསྐྱོད་ནས་སྤྱི་ཕན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-12

    ཉེ་ཆར། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་ནན་ཏིང་ཀེར་དང་བླངས་པའི་དཔུང་ཁག་མངའ་རིས་ས་ཁུལ་སློབ་ཆུང་དུ་བསྐྱོད་དེ“དང་བླངས་པའི་རོགས་རམ་ལ་བརྟེན་ནས་བྱིས་པའི་འཚར་ལོངས་ལ་རམ་འདེགས་བྱེད”ཅེས་པའི་སློབ་གྲྭར་སྨན་རྫས་སྐྱེལ་བའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། དང་བླངས་པས་སློབ་མའི་ཁྱིམ་བདག་ལ་དབུགས་ལམ་གྱི་ནད་དང་། འཚོ་བཅུད་ཁ་གསབ། ཚ་བ་གཅོག་པ་དང་ཟུག་གཟེར་འཇོམས་པ་དང་དེ་བཞིན་རྒྱུ་མ་གསོ་བ་སོགས་ཐད་ཀྱི་བྱིས་པའི་རྒྱུན་མཁོའི་སྨན་རྫས་སྤྲད་པ་དང་འབྲེལ་སྨན་སྤྱོད་ཤེས་བྱ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།