ཨ་མདོ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཁག་དང་པོའི་སྒོ་བྱང་གི་ཡོལ་བ་ཕྱེ་བ།
མི་རིགས་ཀྱི་རིག་གནས་སྔར་བས་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད། ཉེ་ཆར། ཨ་མདོ་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཁག་དང་པོའི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དང“མི་རིགས་རིག་གནས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”དམངས་ཡོངས་ཀྱི་སྒོར་གཞས་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ཨ་མདོ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཁག་དང་པོ་གསུམ་སྟེ། གནམ་འོག་གི་ལམ་བཟོ་ས་ཚིགས་དང་པོ་དང་། ཨ་མདོ་རྫོང་མི་རིགས་མཐུན་སྒྲིལ་རིག་གནས་ཐང་ཆེན། ཨ་མདོ་རྫོང་ཤིན་ཧྭ་དཔེ་ཚོང་ཁང་བཅས་དངོས་སུ་སྒོ་བྱང་གི་ཡོལ་བ་ཕྱེ་བ་དེས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་དེ་བས་སྟབས་བདེ་དང་ཕུན་སུམ་ཚོགས་པའི་ཤེས་དཔལ་ལག་ལེན་གྱི་ཞབས་འདེགས་ཞུས་ནས་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“མཐའ་མའི་འགག་གནད”ཏན་ཏིག་བསལ་རྒྱུ་ཡིན་པ་རེད།