དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-12

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་སྐབས་བརྒྱད་པ་འགོ་ཚུགས་པ་རེད།

    ད་རེས་ཀྱི་འགྲན་བསྡུར་ཆེན་པོས་ས་མཐོའི་ཁྱད་ལྡན་ཐོན་ལས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་པ་དེ་དག་ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། རིག་གནས་བསམ་བཀོད་དང་ཡུལ་སྐོར་སོགས་ཕྱོགས་མང་པོར་ཁྱབ་ཅིང་། སྦྱོང་བརྡར་བྱ་ཡུལ་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་། ས་གནས་ཀྱི་སྲིད་ཇུས་གསེད་བཀྲོལ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་མཐུད་འདུ་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་གཞོན་ནུའི་ལས་གཏོད་རྣམ་གྲངས་འཕེལ་རྒྱས་ཡོང་བར་མུ་མཐུད་མཐུན་རྐྱེན་སྦྱིན་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་གྱི་གཞོན་ནུའི་ལས་གཏོད་གསར་གཏོད་འགྲན་བསྡུར་ཆེན་པོ་གཉེར་བ་ནས་བཟུང་། རིམ་རྩིས་བརྒྱབ་ན། གཞོན་ནུ་ཁྲི་20ལྷག་ཙམ་གྱི་བློ་བཀུག་ནས་ལས་གཏོད་རྣམ་གྲངས་820ལྷག་ཙམ་ནང་ཞུགས་པ་མ་ཟད། གཞོན་ནུའི་གསར་གཏོད་རྣམ་གྲངས་164ལ་ལྕག་སྐུལ་བྱ་དགའི་མ་དངུལ་སྒོར་ཁྲི་758ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།