དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གུང་ཁྲན་ཏང་མིའི་སེམས་ཁམས་ལ་ཞུན་བརྡར་སྤྲོས་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  དབྱང་ལིའུ།   |     སྤེལ་དུས།  2025-05-12

    ཏང་གཤིས་སློབ་གསོ་ནི་གུང་ཁྲན་ཏང་མིའི་རང་གཅུན་བློ་སྦྱོང་གི་ངེས་སྦྱོང་སློབ་ཚན་ཞིག་ཡིན་ལ། གུང་ཁྲན་ཏང་མིའི་སེམས་ཁམས་སློབ་སྦྱོང་ཞིག་ཀྱང་རེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་གཞི་བརྟན་བསམ་འཕེལ་ཡོང་བར་བྱས་ཏེ་ཕུགས་བསམ་དང་དད་སེམས་བརྟན་པོ་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བ་དང་། རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ། ཀུན་སྤྱོད་བློ་སྦྱོང་ལ་ཞུན་བརྡར་སྤྲོས་པ་བཅས་བྱེད་དགོས།

    སྤྱོད་ཚུལ་གྱི་གནད་དོན་ནི་ངོ་བོའི་ཐོག་ནས་བརྗོད་ན་ཏང་གཤིས་ཀྱི་གནད་དོན་རེད། མི་རིང་བའི་གོང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ཁག་བཅུ་ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བའི་ནང་། ཁག་གཅིག་ནི་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། ཁག་གཅིག་ནི་སློབ་སྦྱོང་དང་རྟོག་ཞིབ་ལ་ཁ་གཡར་ནས་གཞུང་དངུལ་བཏང་སྟེ་ཡུལ་སྐོར་བྱས་པ། ཁག་གཅིག་ནི་སྲིད་དོན་ཞབས་ཞུ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཀྱི་ཐད་དགོས་པའི་ལས་ཀ་མི་བྱེད་པར་མི་དགོས་ལས་རྙོག་བཟོས་པ་བཅས་རེད། བསམ་བློའི་ཐད་ཀྱི་འགག་སྒོ་གཙོ་བོ་ནན་པོ་མ་སྲུང་པར་ཡིན་མིན་གྱི་ལྟ་བ་དང་། བདེན་ཁེའི་ལྟ་བ། དབང་ཆའི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་ཡང་དག་པ་མ་བྱུང་བར་མཚམས་ཚོད་ལས་བརྒལ་བ་སོགས་ཀྱི་གནད་དོན་ཐོན་པ་ནི་འགོག་ཐབས་བྲལ་བ་ཞིག་རེད།

    བདེན་དོན་སྐྱོང་བའི་བློ་ལྡན་ན། སེམས་ངན་ལྐོག་ཇུས་ཞུགས་མི་ཐུབ། གུང་ཁྲན་ཏང་མིའི་སེམས་ཁམས་ལ་ཞུན་བརྡར་སྤྲོས་པར། རང་སྣང་འཇིག་རྟེན་སྒྱུར་བཀོད་ལ་ཤུགས་སྣོན་རྒྱག་པ་དང་མི་སྒེར་གྱི་བློ་སྦྱོང་དང་ཆབ་སྲིད་ཀྱི་ཀུན་སྤྱོད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ། སེམས་སུ་ཏང་དང་། མི་དམངས། འགན་འཁྲི། ཉེན་ཟོན་བཅས་ཡོད་པར་བྱེད་དགོས། སེམས་སུ་ཏང་བཅངས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་གི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་ལ་བརྟེན་ནས“རང་སྐྱོན་རང་བརྟག”བྱས་ན་གཞི་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡོ་འཁྱོག་ཏུ་མི་འགྲོ་བ་དང་། སེམས་སུ་མི་དམངས་བཅངས་ཏེ་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་བརྟེན་ནས“ངོ་བོ་བརྟག་པ”དང་རང་གིས་རང་ལ་ཐོག་མའི་བསམ་འདུན་འདྲི་བ་དང་ཐོག་མའི་བསམ་འདུན་བསྲུངས་ན་གཞི་ནས་སྲིད་དོན་ལས་རྗེས་དམངས་འདོད་ལས་ལྷག་པར་འཇོག་མི་སྲིད། སེམས་སུ་འགན་འཁྲི་བཅངས་ཏེ་སྙིང་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱས་ན་གཞི་ནས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་ཡག་པོ་བྱེད་ཐུབ། སེམས་སུ་ཉེན་ཟོན་བཅངས་ཏེ་ཐོག་མཐའ་བར་གསུམ་དུ་བག་མེད་སྒྲིག་འཆལ་མི་བྱེད་པ་དང་། མཚམས་ཚོད་ལས་མི་བརྒལ་བ། སྒྲིག་སྲོལ་ལས་མི་འགལ་བ་བཅས་བྱས་ན་གཞི་ནས་ཁྲིམས་ལྟར་སྤྱོད་གཙང་དབང་སྤྱོད་བྱེད་ཐུབ།

    ཤེས་སྦྱོར་གཅིག་མཐུན་བྱས་ནས། ཐེག་པ་འཁུར་ལེན་བྱེད་དགོས། “ཤེས་པའི”དམིགས་ཡུལ་ནི“ལག་ལེན”ལ་ཐུག་པ་དང་། གུང་ཁྲན་ཏང་མིའི“རང་ཚུགས”ལ་ཞུན་བརྡར་སྤྲོས་པའི་དམིགས་ཡུལ་ནི་སྦྱངས་པ་གོ་ཆོད་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དེ་ཡིན་ལ། མཐར་གཏུག་གི་དམིགས་ས་ནི་དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཡིན། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་བཞིན་ཡོད་པ་དང་། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། དུས་བབ་དང་ཁོར་ཡུག་གི་འགྱུར་ལྡོག་མགྱོགས་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་ཞིང་། འགལ་ཟླ་དང་ཉེན་ཁའི་འགྲན་སློང་མང་ལ། རྒྱལ་སྐྱོང་སྲིད་འཛིན་ཐད་སྔར་བྱུང་མྱོང་མེད་པའི་ཚོད་བགམ་འཕྲད་ཡོད། དེར་བརྟེན་ཏང་ཡོན་ལས་བྱེད་པར་གནས་ཚུལ་དངོས་ལ་ལྟ་ཞིབ་དང་། བྱ་ཐབས་ངོ་མ་སྤྱོད་པ། བྱ་བ་ངོ་མ་སྒྲུབ་པ། ཕན་འབྲས་དངོས་བརྩོན་ལེན་བཅས་ཀྱི་ཐད་འབད་བརྩོན་གྱིས་ཁུར་པོ་ལྕི་ཤོས་འཁུར་བཟོད་པ་དང་། མཁྲེགས་སར་གཏུག་ཕོད་པ། རྙོག་དྲར་མི་འཛེམ་པ་བཅས་བྱས་ཏེ་གནད་དོན་ལ་ཐད་ཀར་གདོང་གཏོད་པ་དང་དཀའ་གནད་སེལ་བའི་ཁྲོད་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

    གུང་ཁྲན་ཏང་མིའི་སེམས་ཁམས་ལ་ཞུན་བརྡར་སྤྲོས་པར། རིག་པ་ནངས་པར་འཆི་ཡང་བསླབ་དགོས་ལ་བློ་སྦྱོང་ཞུན་བརྡར་ཡང་བྱེད་དགོས། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་། བསམ་བློའི་གོ་རྟོགས། ཀུན་སྤྱོད་ཀྱི་ཆུ་ཚད་བཅས་ཏང་ལོ་འཕར་བ་དང་བསྟུན་ནས་རང་བཞིན་དུ་མཐོ་རུ་འགྲོ་མི་སྲིད་ལ། གོ་ས་གོ་གནས་འཕར་བ་དང་བསྟུན་ནས་རང་བཞིན་དུ་མཐོ་རུའང་འགྲོ་མི་སྲིད་པས་ཚེ་གང་འབད་བརྩོན་བྱེད་དགོས། བསམ་བློའི་ཐད་ལྷོད་གཡེང་སོར་གང་ལས་མ་ཤོར་ནའང་བྱ་སྤྱོད་ཐད་ཟབ་ཟོབ་ཐོ་གང་ཡོང་སྲིད་པས། ཏང་གཤིས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་རང་ཉིད་ལ་ཞུན་བརྡར་དང་། རང་ཉིད་ལ་གཅུན་འདོམས། རང་ཉིད་ལ་སྒྱུར་བཀོད་བཅས་བྱེད་དགོས།

    རྟག་ཏུ་བློ་སྦྱོང་དང་ཞུན་བརྡར་སྤྲོས་པ་དང་རྟག་ཏུ་གོ་རྟོགས་མཐོ་རུ་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ་ཏང་གཤིས་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་ན། གཞི་ནས་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་ཐུབ་པ་དང་། རླུང་རླབས་ཀྱི་ཚོད་བགམ་མདུན་དུ་འཇིགས་སྐྲག་ཅི་ཡང་མེད་ལ། བསླུ་བྲིད་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པོར་གནས་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།