དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་དུ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོས་འཛད་སྤྱོད་སྒོར་ཁྲི་8974.46བྱེད་པར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-12

    ཉེ་ཆར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཟླ་4ཚེས་21ཉིན་བར། ཁ་གསབ་མ་དངུལ་སྒོར་ཁྲི་1647.06ཞིབ་རྩིས་གཙང་དག་བཟོས་པ་དང་། འཛད་སྤྱོད་སྒོར་ཁྲི་8974.46བྱེད་པར་སྐུལ་ཁྲིད་བྱས་པ། ཚོང་ཟོག་སྣ་ཁ་19415ལ་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་བཅས་བྱུང་ཡོད།

    གྲངས་གཞི་ལས་མངོན་པར། ཟླ་4ཚེས་21ཉིན་བར། གཞིས་རྩེ་གྲོང་ཁྱེར་གྱིས་རླངས་འཁོར་རྙིང་དོར་གསར་སྒྱུར་གྱི་ཁ་གསབ་སྒོར་ཁྲི་2ཞིབ་རྩིས་གཙང་དག་བཟོས་པ་དང་འཛད་སྤྱོད་སྒོར་ཁྲི་21.69བྱེད་པར་སྐུལ་ཁྲིད་དང་། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་སྒོར་ཁྲི་609.25ཞིབ་རྩིས་གཙང་དག་བཟོས་པ་དང་འཛད་སྤྱོད་སྒོར་ཁྲི་3120.47བྱེད་པར་སྐུལ་ཁྲིད། ཁྱིམ་སྤྱོད་ཐབ་ཆས་དང་གསང་སྤྱོད་སྤྱོད་ཆས་ཀྱི་ཁ་གསབ་སྒོར་ཁྲི་838.13ཞིབ་རྩིས་གཙང་དག་བཟོས་པ་དང་འཛད་སྤྱོད་སྒོར་ཁྲི་4324.08བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཀྱི་ཁ་གསབ་སྒོར་ཁྲི་178.16ཞིབ་རྩིས་གཙང་དག་བཟོས་པ་དང་འཛད་སྤྱོད་སྒོར་ཁྲི་1455.21བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ས་མཐོའི་ཐབ་ཆས་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་སྒོར་ཁྲི་19.52ཞིབ་རྩིས་གཙང་དག་བཟོས་པ་དང་འཛད་སྤྱོད་སྒོར་ཁྲི་53.01བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་མ་དངུལ་ཞིབ་རྩིས་གཙང་དག་བཟོས་འབོར་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་ཞིབ་རྩིས་གཙང་དག་བཟོས་ཚད་28.4%ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ཞིབ་རྩིས་གཙང་དག་ལས་སྟེགས་འདེམས་པ་དང་ཚོང་པ་ཐོ་འགོད་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ལས་དོན་ལེགས་གྲུབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཟླ་1ཚེས་27ཉིན་2025ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ལས་དོན་ལྗོངས་ཡོངས་ཀྱི་སྔོན་ལ་སྤེལ་ནས་རྫོང(ཆུས)ཁག་གི་ཞིབ་རྩིས་གཙང་དག་ལས་འགན་ཁ་གསལ་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།