ཀྲུང་གོས་ཚོང་ལས་ཅན་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
འདི་ནི་ཧའེ་ནན་འཇིག་རྟེན་འཕུར་སྐྱོད་ཚོང་ལས་འཕེན་གཏོང་བྱ་ཡུལ་གྱི་འཕེན་གཏོང་ལས་གནས་ཨང་དང་པོ་ནས་སྲུང་སྐར་འཕེན་གཏོང་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུའུ་ཞའོ་ཞུས་ཀྱིས་པར་བླངས།
ཀྲུང་གོས་ཚོང་ལས་ཅན་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་གསར་གཏོད་དེ་བས་མང་བར་སྐུལ་སྤེལ་གཏོང་འདོད་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཇུས་འགོད་བྱེད་སྐབས་བསྐྱར་ཟློས་བེད་སྤྱོད་ཆོག་པའི་རང་བཞིན་ལ་བསམ་གཞིག་བྱས་པའི་ཀྲུང་གོའི་མེ་ཤུགས་འཕུར་མདའ་མང་པོ་ཞིག་འཕེན་གཏོང་ཐེངས་དང་པོ་བྱ་རྒྱུ་ཡིན་པ་དང་། ན་ནིང་ཟླ་11པར་ཀྲུང་གོའི་ཚོང་ལས་ཅན་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་བྱ་ཡུལ་དང་པོ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
གནས་ཚུལ་སྤེལ་བར་གཞིགས་ན། དམངས་གཉེར་ཁེ་ལས་དེ་དག་དར་རྒྱས་བྱུང་དོན་ནི་པེ་ཅིང་གིས་དུས་ཡུན་རིང་པོའི་ནང་ནུབ་ཕྱོགས་ཀྱི་ལག་རྩལ་ལ་མི་བརྟེན་པར་ས་གནས་དེ་གའི་འཇིག་རྟེན་འཕུར་སྐྱོད་ཀྱི་ཐོན་ལས་ཧུར་ཐག་བཏོད་པའི་གྲུབ་འབྲས་གསར་ཤོས་ཤིག་རེད།
2014ལོར་ཀྲུང་གོས་དམངས་གཉེར་ཁེ་ལས་ལ་འཇིག་རྟེན་འཕུར་སྐྱོད་ཐོན་ལས་གཉེར་ཆོག་པའི་ཆོག་མཆན་སྤྲད་པ་དང་། 2024ལོར་ཚོང་ལས་ཅན་འཇིག་རྟེན་འཕུར་སྐྱོད་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐེངས་དང་པོ་བཀོད་ཡོད།
2015ལོར་ཧུའོ་ལེང་གིས་རང་ཉིད་ཀྱི་ཀུང་སི་ཧྲེན་ལན་འཇིག་རྟེན་འཕུར་སྐྱོད་ཞེས་པ་བཙུགས་པ་དང་བསྐྱར་ཟློས་བེད་སྤྱོད་ཆོག་པའི་མེ་ཤུགས་འཕུར་མདའ་བཟོས་པ་རེད། ཧུའོ་ལེང་གིས་ལོ་10འདས་ཟིན་པ་དང་ཧྲེན་ལན་འཇིག་རྟེན་འཕུར་སྐྱོད་ཀྱིས་འདི་ལོའི་ལོ་མཇུག་ཏུ་སྐར་སྤྲིན་རྟགས་ཅན་དང་པོའི་མེ་ཤུགས་འཕུར་མདའ་ཚོད་ལྟའི་འཕེན་གཏོང་བྱས་རྗེས་མེ་ཤུགས་འཕུར་མདའ་དེའི་འདེད་ཆས་ཕྱིར་བསྡུ་ཐུབ་མིན་ལ་བལྟ་རྩིས་ཡོད། ཧྲེན་ལན་འཇིག་རྟེན་འཕུར་སྐྱོད་ཀྱི་དམིགས་ཚད་ནི་2027ལོར་ཨེ་ཤེ་ཡའི་འཁོར་ལམ་ཚོང་ལས་བར་སྣང་དུ་མི་བཞུགས་ཡུལ་སྐོར་ཐེངས་གཅིག་བྱ་རྒྱུ་དང་འབྲེལ་སྤ་སེ་རེར་ཨ་སྒོར་ཁྲི་10ལྷག་ཙམ་གྱི་རིན་གོང་ཐོག་ནས་འཚོང་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད།
—— ཨ་རིའི《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།