ཀྲུང་གོས་མི་ཐབས་རིག་ནུས་སློབ་གསོར་མཐོང་ཆེན་བྱེད་པ།
འདི་ནི་ཉེ་ཆར་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་དུ་གཉེར་བའི“སློབ་མའི་ཆ་འཕྲིན་བྱང་ཚད་མཐོ་རུ་གཏོང་བའི་ལག་ལེན་བྱེད་སྒོ་དང་མི་ཐབས་རིག་ནུས་གཏོད་མཁན་འཕྲུལ་མིའི་འགྲན་བསྡུར་ཆེ་མོའི”ཐོག་སློབ་མ་ཚོས་འཕྲུལ་མི་འགྲན་བསྡུར་བྱེད་བཞིན་པ། ཉེ་ཁྲང་ཆིང་གིས་པར་བླངས།
2025ལོའི་སྟོན་ཁའི་སློབ་དུས་ནས་བཟུང་། པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གིས་མི་ཐབས་རིག་ནུས(AI)ཀུན་ཤེས་སློབ་ཚན་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། AIཀུན་ཤེས་སློབ་ཚན་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་གི་སློབ་མཚམས་ཡོངས་སུ་ཁྱབ་རྒྱུ་རེད། སློབ་མ་ཚང་མས་སློབ་ལོ་རེར་སློབ་ཁྲིད་དུས་ཚོད་ཆུ་ཚོད་8ལས་མི་ཉུང་བའི་AIཀུན་ཤེས་སློབ་ཚན་སྦྱོང་དགོས་པ་དང་། སློབ་ཚན་གྱི་ནང་དོན་སློབ་མའི་སློབ་སྦྱོང་དུས་མཚམས་གཞིར་བཟུང་བཀོད་སྒྲིག་བྱེད་རྒྱུ་རེད།
སློབ་ཆུང་དུས་སུ། ཕྲུ་གུ་ཚོས་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་དང་། ལག་ལེན་བྱེད་སྒོ་དེ་བཞིན་ཁོང་ཚོའི་ཚན་རྩལ་ལ་ཡ་མཚན་ཆེ་བའི་བསམ་བློ་འཕེལ་བར་བྱ་ཆེད་ཆེད་མངགས་ཇུས་འགོད་བྱས་པའི་རྟོག་བཟོའི་ཁོར་ཡུག་བཅས་བརྒྱུད། AIཡི་རྨང་གཞིའི་ཐ་སྙད་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་ཚོའི་སྦྱངས་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས། སློབ་སྦྱོང་གི་ནང་དོན་ཡང་དེ་བས་རྙོག་འཛིང་ཆེ་རུ་འགྲོ་བ། དཔེར་ན། འཕྲུལ་ཆས་སློབ་སྦྱོང་དང་། འཕྲུལ་མིའི་ལག་རྩལ། གྲངས་གཞི་དབྱེ་ཞིབ་སོགས་ཀྱི་བརྗོད་དོན་གཙོ་བོ་ཚུད་པ་དང་ཆབས་ཅིག་ལག་རྩལ་འདི་དག་གི་མི་ཆོས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལ་བསམ་གཞིག་བྱེད་པ་ཡང་ཚུད་ཡོད་པ་རེད།
ཀྲུང་གོས་མི་ཐབས་རིག་ནུས་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་སློབ་མའི་ངོས་ནས་བརྗོད་ན། AIཡི་རྨང་གཞིའི་ཤེས་བྱ་ཤེས་རྟོགས་བྱེད་པ་ནི་ལྟ་ཀློག་དང་། རྩོམ་འབྲི། གཞི་རྩའི་རྩིས་རིག་གི་རྩིས་རྒྱག་སྟངས་བཅས་ཀྱི་ནུས་པ་ལྡན་དགོས་པ་དང་འདྲ་བར་གལ་འགངས་ཆེན་པོ་ཡོད་པ་རེད།
—— ཨ་ཀེན་ཐིན་Canal26གསར་འགྱུར་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།