དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨུ་རུ་སུར་རྒྱ་ཡིག་ཤེས་ལྡན་པའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-11

    འདི་ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་གཉེར་བའི“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི”བྱེད་སྒོའི་ཐོག་སློབ་མས་ཀྲུང་གོའི་མི་རིགས་རྒྱན་གོས་སྤྲོས་བཞིན་པ།

    དེང་སྐབས། ཨུ་རུ་སུར་རྒྱ་ཡིག་ཤེས་མཁན་གྱི་དགོས་མཁོ་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཡིག་སྒྱུར་བ་དང་། ཡུལ་སྐོར་སྣེ་ཤན་པ། དགེ་རྒན་བཅས་ཕུད། བཟོ་བཀོད་པ་དང་། རྩིས་གཉེར་བ། ཚོན་རྩི་གཏོང་མཁན། མ་བྱན། ཐ་ན་ས་འབུད་འཕྲུལ་འཁོར་བཀོལ་སྤྱོད་པ་བཅས་མང་པོས་རྒྱ་ཡིག་ཁོང་དུ་ཆུད་དགོས་ཀྱི་ཡོད། མོ་སི་ཁོ་རྒྱལ་བཙུགས་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་མཱ་སི་ལོ་ཧྥུས། རྒྱ་ཡིག་སྦྱོང་མཁན་གྱི་ཨུ་རུ་སུ་བ་ལོ་རེར་8%ནས་10%བར་མང་དུ་འགྲོ་གི་ཡོད། དྲ་ཐོག་ཏུ་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས། རྒྱ་ཡིག་སློབ་དེབ་ཀྱི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་བརྗོད།

    རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་མ་འཇོག་བྱེད་མང་དུ་ཕྱིན་པ་དང་བསྟུན་ནས། ཨུ་རུ་སུའི་ཁེ་ལས་དེ་བས་མང་པོས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཀྱི་ཡོད་པས། ཨུ་རུ་སུར་རྒྱ་ཡིག་ཆེད་ལས་ཤེས་ལྡན་པའི་དགོས་མཁོ་ཆེ་རུ་འགྲོ་བར་ནུས་པ་ཐོན་ཡོད། ཨུ་རུ་སུ་བ་མང་པོ་ཞིག་གི་ངོས་ནས་བརྗོད་ན། རྒྱ་ཡིག་ཤེས་པ་ནི་ལས་རིགས་ཀྱི་མདུན་ལམ་གསར་པ་ཞིག་གཏོད་ཆེད་རེད། རྒྱ་ཡིག་ལ་དགའ་བསུ་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་གཞན་ཞིག་ནི་ཨུ་རུ་སུར་ཀྲུང་གོའི་རིག་གནས་དར་ཁྱབ་ཆེ་བས་རེད། ཨུ་རུ་སུ་བ་མང་པོ་ཞིག་གིས་ཀྲུང་གོའི་ལོ་རྒྱུས་དང་། དྲག་རྩལ། སྲོལ་རྒྱུན་གསོ་རིག མཚན་ཉིད་རིག་པ་བཅས་ལ་དགའ་པོ་བྱེད་ཀྱི་ཡོད། གཞན་ཡང་། ཨུ་རུ་སུའི་སྨྱན་སྦྱོར་གྱིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དང་ཀྲུང་གོའི་གྲུབ་འབྲས་ལ་དོ་ཁུར་བྱེད་ཀྱི་ཡོད། འདི་དག་ལས་ཨུ་རུ་སུ་བ་དེ་བས་མང་པོས་རྒྱ་ཡིག་སྦྱོང་བར་ཕན་པ་ཐོབ་ཡོད། 2024ལོར་ཨུ་རུ་སུའི་ཡུལ་སྐོར་བ་ཁྲི་190ཙམ་ཀྲུང་གོར་ཡུལ་སྐོར་ལ་སླེབས་པ་དང་། ཨུ་རུ་སུའི་རྒྱལ་ཁོངས་སུ་ཡུལ་སྐོར་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བས་50%བཟུང་བས། ཁོང་ཚོར་སྣེ་ལེན་ཞུ་སྐབས་རྒྱ་ཡིག་གི་ཐོག་ནས་ཞབས་འདེགས་ཞུ་དགོས་ཀྱི་ཡོད་པ་རེད།

    —— ཨུ་རུ་སུའི《གྲོས་ཚོགས་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།