ཀྲུང་གོ་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་དཔེ་མཚོན་དུ་གྱུར་པ།
འདི་ནི་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཀྲུང་ཀོན་གྲོང་ཚོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་སྐོར་ལ་སྤེལ་རེས་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་པོ་ཧན་གྱིས་པར་བླངས།
འདས་ཟིན་པའི་ལོ་འགའ་ཤས་རིང་། ཀྲུང་གོས་ཁེ་བེད་བདག་ཐོབ་དང་ཚོང་རྟགས་སྐོར་གྱི་བཅའ་ཁྲིམས་དང་འཐབ་ཇུས་སྒྲོམ་གཞིར་སྒྱུར་བཅོས་གཏིང་ཟབ་བྱས་ཡོད།
ཀྲུང་གོའི་ཁེ་བེད་བདག་ཐོབ་འདུན་ཞུའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། འགྱུར་ལྡོག་དེ་གཙོ་བོ་ཏན་ཏིག་གི་བྱེད་ཐབས་ཁག་གཅིག་ལས་བྱུང་ཡོད་པ་རེད། 2001ལོ་ནས་བཟུང་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་ཚུན། ཀྲུང་གོས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྒྱུར་བཀོད་བྱས་ནས་རྒྱལ་སྤྱིའི་ཚད་གཞི་དང་སྦྲེལ་མཐུད་བྱས་ཡོད། 2014ལོར་ཀྲུང་གོས་ཆེད་དོན་ཤེས་བྱའི་བདག་དབང་གི་ཁྲིམས་ཁང་ཁག་དང་པོ་དེ་བཙུགས་ཤིང་། ད་ཆ་ཁྲིམས་ཁང་དེ་དག་དྲ་རྒྱར་གྱུར་ནས་ཆེད་མངགས་ཤེས་བྱའི་བདག་དབང་སྐོར་གྱི་རྩོད་གཞི་ཐག་གཅོད་བྱེད་མཁན་གྱི་སྒྲིག་གཞི་ལས་གྲུབ་པ་མ་ཟད། དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་ཡོ་བྱད་ལ་བརྟེན་ནས་ཁེ་བེད་བདག་ཐོབ་འདུན་ཞུ་དང་ཁྲིམས་འཛིན་གཏུག་བཤེར་འབྲེལ་མཐུད་བྱས་ཡོད་པ་རེད།
2020ལོར་བཟོ་བཅོས་བརྒྱབ་པའི་ཁེ་བེད་བདག་ཐོབ་བཅའ་ཁྲིམས་ནང་ལྕག་སྐུལ་གསར་གཏོད་ཀྱི་བྱེད་ཐབས་ཁག་གཅིག་སྤྱད་ཡོད་པ། དཔེར་ན། སྨན་རྫས་གསར་པ་ཁྲོམ་རར་འདོན་པར་དཔྱད་བཤེར་དང་ཞིབ་མཆན་གྱི་བཟུང་སྤྱོད་དུས་ཚོད་ཁ་གསབ་བྱ་ཆེད། ཁྲོམ་རར་འདོན་ཆོག་པའི་ཀྲུང་གོའི་སྨན་རྫས་གསར་པའི་འབྲེལ་ཡོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལ་ཁེ་བེད་བདག་ཐོབ་ཀྱི་དབང་ཆའི་དུས་བཀག་ཁ་གསབ་སྤྲད་པ་དང་ཁ་གསབ་ཀྱི་དུས་ཚོད་ལོ་5ལས་བརྒལ་མི་རུང་།
—— ཧྥ་རན་སེའི《འཕྲལ་དོན་ཚགས་པར》གྱི་གཟའ་འཁོར་དུས་དེབ་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།