“ཡང་ཤ་དོད་པའི་ཟློས་གར་བ”ནས“དྲག་རྩལ་ཆེ་མོ་བར”གྱུར་པའི་འཕྲུལ་མི།
འདི་ནི་ཧྲན་ཏུང་གཡན་ཐའེ་མཐོ་གསར་ཁུལ་ཚོད་ལྟའི་བུ་བཅོལ་ཁང་གཉིས་པར་ཡུས་ཧྲུའུ་G1འཕྲུལ་མིས་ཕྲུ་གུ་ཚོར་ལག་པ་གཡུག་གཡུག་བྱེད་བཞིན་པ། ཐང་ཁེས་པར་བླངས།
ཀྲུང་གོ་ཡུས་ཧྲུའུ་ཚན་རྩལ་ཀུང་སིས་ཧང་སངས་དགོས་པའི་ཞིབ་ཚགས་པ་དང་སྙོམས་སྒྲིག་འཁྲབ་སྟོན་བརྒྱུད། དྲག་རྩལ་རྩེད་ཐུབ་པའི་འཕྲུལ་མི་ཞིག་བཟོས་ཏེ་ཚན་རྩལ་གྱི་བསམ་ཡུལ་ལས་འདས་པའི་ཡར་རྒྱས་མངོན་པར་བྱས་ཡོད། འཕྲུལ་མི་G1“ཡང་ཤ་དོད་པའི་ཟློས་གར་བ”ནས“དྲག་རྩལ་ཆེ་མོ་བར”གྱུར་བ་ལས་འཕྲུལ་མིའི་ལག་རྩལ་དང་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་མྱུར་པོ་ཡོངས་སུ་མངོན་བཞིན་ཡོད།
འཁྲབ་སྟོན་གྱི་བརྙན་ཐུང་གསར་ཤོས་ནང་། G1འཕྲུལ་མིས་ཧང་སངས་དགོས་པའི་སྙོམས་སྒྲིག་དང་ཚོར་སྐྱེན་མྱུར་པོས། མི་ལ་བག་ཆགས་ཟབ་མོ་འཇོག་པའི་དྲག་རྩལ་མང་དག་ཅིག་འཁྲབ་སྟོན་བྱས་ཤིང་། ཁུ་ཚུར་འཕྱར་བ་དང་། ལྡིང་སྐོར་རྒྱག་པ། རྙོག་འཛིང་ཆེ་བའི་དྲག་རྩལ་གཞན་དག་བཅས་འཁྲབ་པ་ལས་སྙོམས་སྒྲིག་ཆོག་པ་དང་བདེ་ཅག་འཁྱུག་པས་ལི་ཞའོ་ལུང་ཧ་ལས་དགོས་པ་ཞིག་ཡོད་པ་རེད།
—— ཨ་རིའི་ཧྥུ་ཁེ་སི་གསར་འགྱུར་དྲ་ཚོགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།