དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-10

     ཉེ་ཆར། 《2023ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས》(གཤམ་ལ《གཏན་འབེབས》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ནས། བོད་ཀྱི་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་ཚན་རྩལ་ལས་དོན་པར་གཟེངས་བསྟོད་དང་བྱ་དགའ་སྤྲད་ཅིང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) བོད་ལྗོངས་སློབ་ཆེན་གྱི་དེ་སྔའི་དགེ་རྒན་ཆེ་མོ་བ་དངོས་གྲུབ་ནོར་བུར་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་སྤྲད་པ་དང་། རྣམ་གྲངས་20ལ་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲད་པ་རེད།

    དེའི་ནང“གངས་ལྗོངས་ཀྱི་བྱ་དེ་དཀར་པོའི་རིགས་རྒྱུད་གསར་པ་གསོ་ཚགས་དང་སྐྱོན་བྲལ་གསོ་ཚགས་ལག་རྩལ་འདུས་གྲུབ་ཉེར་སྤྱོད”སོགས་ཀྱི་རྣམ་གྲངས་6ལ་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། “བོད་ཀྱི་གཟན་རྩྭ་སྤུས་ལེགས་འདེམས་གསོ་དང་ཁྱབ་གདལ་ཉེར་སྤྱོད”སོགས་རྣམ་གྲངས་14ལ་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་པ་རེད།

    《གཏན་འབེབས》ནང་། ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་པས་བྱ་དགའ་ཐོབ་མཁན་མིག་དཔེར་བཟུང་ནས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བློ་རྩེ་གཅིག་སྒྲིམ་གྱིས་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཧུར་ཐག་བྱེད་པ། ཚན་རྩལ་གྲུབ་འབྲས་གཞན་འགྱུར་ཉེར་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།