“རུས་སོབ་བྱིས་པ”ལྷག་པ་དོན་གྲུབ་དང་ཁོང་གི་པར་ཆས་ནང་གི་འཇིག་རྟེན།
འདི་ནི་ལྷག་པ་དོན་གྲུབ་ཀྱིས་བར་སྐོར་ཁྲོམ་གཞུང་དུ་པར་རྒྱག་བཞིན་པ།
འདི་ནི་ལྷག་པ་དོན་གྲུབ་ཀྱིས་ཐོན་རྫས་པར་རྒྱག་བཞིན་པ།
ལོ་རེའི་ཟླ་5ཚེས་6ཉིན་ནི་རྒྱལ་སྤྱིའི་ཕྲུམ་རུས་ནད་པར་དོ་ཁུར་བྱེད་པའི་ཉིན་མོ་རེད། དེར་རུས་སོབ་ནད་ཀྱང་ཟེར། དེ་ནི་རུས་པ་སོབ་སོབ་ཆགས་ནས་ཆག་སྐྱོན་ཡང་སེ་ཐོན་པའི་རྒྱུད་ཁྲིད་ཀྱི་ནད་ཅིག་རེད། ལོ་24ལ་སླེབས་པའི་ལྷ་ས་བ་ལྷག་པ་དོན་གྲུབ་ལ་ཆུང་དུས་ནས་ཕྲུམ་རུས་ནད་ཕོག་རྐྱེན་ནར་སོན་རྗེས་གཟུགས་པོའི་རིང་ཚད་ལ་སྨི་1ལས་ཟིན་གྱི་མེད་པས། རིམ་པ་གཉིས་པའི་ཡན་ལག་དབང་པོ་སྐྱོན་ཅན་དུ་གཏན་འཁེལ་བྱས་པ་དང་། འགྲོ་སྐྱོད་སྐབས་འཁར་རྒྱུག་དང་གློག་སྒུལ་སྟེགས་འཁོར་ལ་བརྟེན་དགོས་ཀྱི་ཡོད། འོན་ཀྱང་ན་ཟུག་དང་ཡིད་སྐྱོ་བའི་ལས་དབང་ལ་མགོ་མ་སྒུར་བར་པར་ཆས་ཁྱེར་ནས་པར་རྒྱག་མཁས་ཅན་ཞིག་ཏུ་འགྱུར་རྒྱུའི་ཕུགས་བསམ་བཅངས་ཏེ་རང་ཉིད་ཀྱི་མཐོང་སྣང་ནས་ཚེ་སྲོག་གི་འོད་སྣང་འཚོལ་རྒྱུར་གཞོལ་བཞིན་ཡོད།
2021ལོ་ནས་བཟུང་། ལྷག་པ་དོན་གྲུབ་ཀྱིས་ཡན་ལག་དབང་པོ་སྐྱོན་ཅན་མི་སྣས་བཙུགས་པའི་རིག་གནས་བརྒྱུད་སྤེལ་ཀུང་སི་ཞིག་གི་པར་དང་བརྙན་ཐུང་བཟོ་རྒྱུའི་འགན་ཁུར་ཏེ་རང་ཁ་རང་གསོ་བྱེད་འགོ་བཙུགས། ཁོང་ལ་ཆ་མཚོན་ན་པར་རྒྱག་རྒྱུ་ནི་འཚོ་ཐབས་ཙམ་མིན་པར། འཚོ་བའི་སྒུལ་ཤུགས་དང་ཚེ་སྲོག་ལ་འཛིན་པའི་ལྟ་སྟངས་ཤིག་དེ་བས་ཀྱང་རེད། དུས་ཚོད་ཡོད་དུས་ཁོང་གིས་པར་ཆས་ཁྱེར་ནས་བར་སྐོར་ཁྲོམ་གཞུང་དུ་པར་རྒྱག་པ་དང་གོ་སྐབས་ཡོད་དུས་རྒྱང་རིང་སར་འགྲོ་གང་ཐུབ་བྱས་ནས་ཉེ་འགྲམ་གྱི་མི་དང་བྱ་བ་ཟིན་ཐོར་འགོད་བཞིན་ཡོད། པར་བརྒྱབ་པ་བརྒྱུད། ཁོང་གིས་ཀྱང་གྲོགས་པོ་དེ་བས་མང་པོ་སྒྲིག་ཐུབ་ཡོད།
ལྷག་པ་དོན་གྲུབ་ཀྱིས་འབྱུང་འགྱུར་གྱི་ཉིན་ཞིག་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་ནས་པར་རྒྱག་ཐུབ་པའི་རེ་བ་བྱེད་བཞིན་ཡོད།