དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོར་བོད་ལྗོངས་ཀྱི་དངུལ་རྩའི་འཁོར་སྐྱོད་ཀྱི་འགོ་ཡག་པོ་བཙུགས་པ།

    བོད་ལྗོངས་ཀྱི་ཀུན་ཕན་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་808.61ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-10

    ཉེ་ཆར་གསར་འགོད་པར་2025ལོའི་ཟླ་དང་པོ་ནས་གསུམ་པ་བར་གྱི་བོད་ཀྱི་དངུལ་རྩའི་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི“ལས་དོན་ཆེན་པོ་ལྔ”ལ་དམིགས་ནས་ལྗོངས་ཡོངས་ཀྱི་དངུལ་རྩའི་འཁོར་སྐྱོད་འགོ་ཡག་པོ་ཞིག་འཛུགས་པར་སྐུལ་འདེད་ནུས་ལྡན་བཏང་སྟེ། རང་ལྗོངས་ཀྱི་དཔལ་འབྱོར་ལ་འགོ་འཛུགས་བཀྲ་ཤིས་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་གསུམ་པའི་ཟླ་མཇུག་བར་བོད་ཀྱི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་48.44ཟིན་ཏེ་ལོ་འགོ་ལས་7.45%འཕར་ཡོད། བོད་ཀྱི་མི་སྒེར་གྱི་ཐཱན་ཉུང་རྩིས་ཁྲ་37901ཟིན་ཏེ་ལོ་འགོ་ལས་རྩིས་ཁྲ་6549མང་དུ་ཕྱིན་ནས་ཐཱན་འབུད་ཉུང་གཏོང་གི་སྤྱི་འབོར་ཏུན་2684.1ཟིན་པ་དང་། ལྗང་མདོག་ནུས་རྒྱུའི་ལས་སྟེགས་ནས་ཁ་གསབ་སྒོར་ཁྲི་60.08བླངས་པ། དངུལ་རྩའི་ཉོ་ཚོང་སྒོར་ཁྲི་47.08ཟིན་པར་སྐུལ་ཁྲིད་བཅས་བྱས་ཡོད། བོད་ཀྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་1837.86ཟིན་ཏེ་དུས་མཚུངས་ལས་38.29%འཕར་ཡོད། ཟླ་དང་པོ་ནས་གསུམ་པ་བར་འགུལ་མེད་རྒྱུ་ནོར་གྱི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་ནས་མ་དངུལ་ཐེངས་21བསྡུ་སྒྲིལ་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་1.43ཟིན་ཡོད། མ་ལག་ནང་ཐོ་འགོད་ལས་སྒོ་ཐེངས་1173གསར་སྣོན་བྱས་པར་འདྲི་རྩད་བྱེད་ཐེངས་2288ཟིན་ཏེ་དུས་མཚུངས་ལས་11.24%དང་18.77%སོ་སོར་འཕར་ཡོད། བོད་ཡོངས་ཀྱིས་དངུལ་ཁང་དང་། སྲིད་གཞུང་། ཁེ་ལས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་མཐུད་བྱེད་སྒོ་ཁྱོན་བསྡོམས་ཐེངས་12སྒྲིག་འཛུགས་བྱས་པ་དང་རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར་8.11བཏང་ཡོད། བོད་ལྗོངས་ཀྱི་ཀུན་ཕན་དངུལ་རྩའི་ལྷག་གྲངས་སྒོར་དུང་ཕྱུར་808.61ཟིན་ཏེ་དུས་མཚུངས་ལས་130%འཕར་ཡོད། མིག་སྔར་བོད་ལྗོངས་སུ“ལུས་གསོའི་དངུལ་བུན”དང“བདེ་རོལ་དངུལ་བུན”སོགས་ཁྱད་ལྡན་གྱི་རྒན་གསོའི་དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་དུ་བཏོན་ཡོད། ཐོན་རྫས་གསར་གཏོད་བྱས་པ་ནས་ཟླ་གསུམ་པའི་ཟླ་མཇུག་བར“ལུས་གསོའི་དངུལ་བུན”དང“བདེ་རོལ་དངུལ་བུན”དེ་བཞིན་རྒན་གསོའི་ཐོན་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དངུལ་བུན་ཁྱོན་བསྡོམས་སྒོར་དུང་ཕྱུར་1.83བཏང་ཡོད། ཟླ་གསུམ་པའི་ཟླ་མཇུག་ཏུ་བོད་ཡོངས་ཀྱི་མི་སྒེར་གྱི་འཛད་སྤྱོད་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་1003.92ཟིན་ཏེ་དུས་མཚུངས་ལས་23.32%འཕར་ཡོད།

    ད་ལོ་ནས་བཟུང་། མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་ཕྱོགས་བསྡུས་སྤྱད་པ་དང་དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ཐབས་ལམ་ཤར་གཏོང་བྱས་ནས་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ཟླ་དང་པོ་ནས་གསུམ་པ་བར་བོད་ལྗོངས་སུ་ཡང་བསྐྱར་དངུལ་འབབ་སྔ་ལོག་གི་དངུལ་སྒོར་དུང་ཕྱུར་3.33བཏང་སྟེ་དུས་མཚུངས་ལས་98.77%འཕར་བའི་ཁྲོད། དམངས་གཉེར་དང་། ཕྲན་ཚེགས། ཞིང་འབྲེལ། ལྗང་མདོག་ཚོང་ལས་ཀྱི་དངུལ་འགྲུལ་འཛིན་ཤོག་བཅས་ཀྱི་བསྡུར་གྲངས་ཀྱིས་100%བཟུང་ཡོད། ཟླ་དང་པོ་ནས་གསུམ་པའི་བར་བོད་ལྗོངས་དངུལ་རྩའི་སྒྲིག་གཞིས་སྤྱིར་བཏང་གི་ཚོང་ལས་རང་བཞིན་གྱི་དངུལ་བུན་གྱི་རྩིས་སྐོར་ཆ་སྙོམས་སྐྱེད་ཚད་1.41%ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.36ཆག་ཡོད། ཁེ་ལས་ལ་གསར་དུ་བཏང་བའི་དངུལ་བུན་གྱི་རྩིས་སྐོར་ཆ་སྙོམས་སྐྱེད་ཚད་1.44%ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.32ཆག་ཡོད། དེའི་ཁྲོད་གསར་དུ་བཏང་བའི་ཀུན་ཕན་ཕྲན་ཚེགས་དངུལ་བུན་གྱི་རྩིས་སྐོར་ཆ་སྙོམས་སྐྱེད་ཚད་1.24%ཟིན་ཏེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.39ཆག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།